2018-04-17
ལྷ་བྱ་ཁུ་ལོའི་གྲེ་ཆུང་ངག་གི་དབྱངས་རྟ་སྙན་མོ་ཕྱོགས་ཙམ་ན།།
དར་འཁྱག་ཟབ་མོའི་སྦུབ་རྒྱ་གྲོལ་ཏེ་གསེར་མིག་ཉ་མོའི་འཁྱུག་རྩལ་འགྲན།།
སྡོང་ལོ་སེར་པོས་འཆིང་སྒྲོག་ལྷོད་དེ་བོད་ལྭ་ལྗང་ཁུ་བཀླུབས་པའི་ཚེ།
བྱ་བྱེའུ་འབུ་གསུམ་བདེ་ཅག་ཡངས་མོས་སྟངས་སྟབས་གར་ཆུང་འཁྲབ་ལ་བྲེལ།།
གཡུ་ལོ་བཀོད་པའི་སྤང་ལྗོངས་སྔོན་མོར་རྩྭ་མགོར་ཟིལ་བའི་འཇམ་བྱུགས་ཚེ།།
རྟ་ནོར་ལུག་གསུམ་ལྷས་ནས་བཀྲམ་སྟེ་སྨན་ཆུང་བུ་མོའི་རྫི་གླུ་སྙན།།
ཞིང་ར་གྲུ་བཞིའི་གཡང་མྱུག་འཕེལ་འདྲའི་སྦྲང་ཆར་ཟིལ་མས་ལག་བརྡའི་འོག།
ལས་བསོད་གཅིག་པའི་སཱ་ལའི་སྨན་ལྗོངས་དཀར་དམར་མེ་ཏོག་ཚོམ་གྱིས་རྒྱན།།
དཔག་ཚད་ལེ་བར་ཁྲི་ཕྲག་མཆིས་པའི་མི་མངོན་འཛིན་མའི་དཀྱིལ་འཁོར་ནས།།
འཕྱོ་སྒེག་མཛེས་ཉམས་དཔལ་གྱིས་ཕྱུག་པའི་དཔྱིད་དཔལ་བུ་མོའི་ལང་ཚོ་དེ།།
སྤྲོ་འཛུམ་སྨུག་པོའི་ཉམས་དང་འགྲོགས་ནས་དགའ་བདེའི་མེ་ཏོག་འཛུམ་གྱིས་བསུ།།
དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི༼གནམ་ལྕགས།༽
རྩོམ་གསར། 10