མི་བརྗེད་སེམས་ཀྱི་རི་མོ།

དོན་འགྲུབ་སྒྲོལ་མས།        2014-02-17

    གནའ་དེང་རིག་གཞུང་རྒྱན་གྱི་ཕྱོགས་ཀུན་ལ་འཛོམས་པ།།
    རིགས་ཞེན་ཕ་མེད་ཁྲག་རྒྱུན་དྭངས་གཙང་གིས་བཞུར་ཞིང་།།
    གསར་སྐྱེས་ལང་ཚོ་རང་མདངས་མངོན་པ་རུ་བཞད་པའི།།
    མ་ཡུམ་གངས་ལྗོངས་སློབ་གླིང་ཆེན་མོ་འདི་གཟི་བརྗིད།།
    བཤེས་གཉེན་ལམ་སྟོན་གསལ་བ་གངས་ལྗོངས་ཀྱི་སྒྲོན་མེ།།
    གསུང་བཅུད་བདུད་རྩིས་ཕྱུག་པའི་མན་ངག་གི་ལུང་རིགས།།
    མི་ཚེའི་ཁ་ཕྱོགས་སྟོན་པའི་བླང་དོར་གྱི་འོད་སྣང་།།
    གང་ཕྱིན་དེ་རུ་དྲིན་པ་སློབ་དཔོན་གྱི་གདམས་ངག།
    སྐྱིད་སྡུག་ལོ་ཟླ་བགྲང་བའི་སྦྱང་བྱ་ཡི་རྒྱུན་ལས།།
    མཐུན་ལམ་དར་སྐུད་ཕྲ་མོའི་སྦྲེལ་ཐག་དེ་དམ་པ།།
    རེ་འབྲས་གཡུར་དུ་ཟ་བ་དེ་རིང་གི་ཉི་མ།།
    ང་དང་སློབ་གྲོང་གསེབ་དག་གི་དགོད་སྒྲ་ལས་མ་འདས།།
    ཚེ་སྔོན་ལས་འབྲས་སྨིན་པ་ཁ་སང་གི་ཉིན་མོ།།
    དགེ་སློབ་མཛའ་བརྩེ་ཟུང་གི་བསྐལ་བཟང་གི་དུས་སྟོན།།
    གྱེས་བྲལ་མི་ཆུའི་ཁྲོད་ནས་དེ་རིང་གི་གདུང་བ།།
    འགྱུར་མེད་རྡོ་རྗེ་བྲག་གི་སེམས་འདུན་གྱི་རི་མོ།། 
  • ལེ་ཚན་སྔོན་མ།:ཟླ་འོད་ཀྱིས། ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།
  • ལེ་ཚན་རྗེས་མ།:གྱེས་ལ་ཉེ་བའི་གཏམ།