གྱེས་ལ་ཉེ་བའི་གཏམ།

ཀུན་བཟང་སྒྲོལ་མས།        2014-02-17

   གྱེས་ལ་ཉེ་བའི་གཏམ།
    རིག་པ་ཅང་ཤེས་རྟ་ཕོ་དལ་གྱིས་འདུར་ལ།།
    བརྩོན་འགྲུས་ལྕག་ཚན་ཕྲ་མོས་བཞུས་པ་མེད་མོད།།
    དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ཨེན་ཙམ་འཐུས་པ།།
    དམ་པོའི་སྙིང་ལ་སིམ་པའི་དགའ་སྤྲོ་ཐོབ་ཡོད།།
    ཐོག་མའི་ལྷན་འཛོམས་གདོད་མའི་ལས་ཀྱི་འཕྲོ་མ།།
    མི་ལོ་གསུམ་གྱི་དུས་ཡུན་རྨི་ལམ་ཐུང་ཐུང་།།
    མཛའ་མཛུབ་སེམས་ཀྱི་རི་མོ་སྟག་མའི་མེ་ཏོག།
    རེ་སྨོན་བཀྲ་ཤིས་རྟགས་བརྒྱད་གསེར་གྱི་པ་ཏྲ།།
    རིགས་ཞེན་གཡེལ་བ་མེད་པའི་ལྷག་བསམ་གཙང་མ།།
    ཁ་བའི་ཕ་སྐད་གཙང་མ་གདངས་ལ་གྱེར་ནས།།
    ཤ་རུས་ཁྲག་རྒྱུན་དྭངས་མོ་སྙིང་དབུས་འཆང་ལ།།
    ནམ་ཡང་ཕ་ཡུལ་གངས་རིའི་ལས་དབང་མི་བརྗེད། 
                                                 ཏའེ་ཆི་ཡོན་གྱིས་པར་བླངས།
  • ལེ་ཚན་སྔོན་མ།:མི་བརྗེད་སེམས་ཀྱི་རི་མོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་ཞོགས་པ།