བརྩེ་དུང་།
སི་བོད་སློབ་གྲྭ(རྩེ་ཀུན་འཁྱོངས་ཀྱིས།) 2014-01-07
ཤོག་བུར་གླན་པའི་སྨྱུག་སྣེ།
མཛའ་མོའི་མཆུ་རུ་འཁྱུད་པའི་བདག་གི་མཆུ་བསྒྲོས།
དལ་ཙམ་དལ་ཙམ་གྱིས།
སྲེད་ཤ་ལངས་བའི་རུས་གསེང་དུ་འཛུལ་དུས།
ཕྱི་ཤུན་བཞོག་ཚར་བའི་སེམས་པ་ཞིག་གིས།
ནང་ཤ་གཏུམ་གྱིན་ནང་རུས་གཅག་གིན་ཕྱི་རུ་མཆོང་དུས།
ངུ་དབྱངས་གྱི་རྒྱང་འབོད།
འོད་སྣང་བོར་བའི་ཞིང་ཁམས་སུ་སྤུར།
འདྲ་བ་དེ་རྡོ་ཞིག
འདྲ་བ་དེ་མཚོ་ཞིག
སྙིང་ཚད་འདུག་མ་མྱོང་བས།
མཆོང་ཚད་དལ་མ་མྱོང་བས།
ཁེར་པའི་སྡུག་བསྔལ་འཚོ་བའི་བྲང་བར་བཏེགས།
སྐྱོ་སུན་ཡིད་ཀས་སྡུག་གི་ཆུ་འཁྱག་འཐུངས།
ཤི་སྙིང་ཡང་ཡང་སྐྱེས་པས།
སྡུག་མིག་ནམ་ནམ་བགྲད་པས།