དུས་ཚོད་ལགས།

སི་བོད་སློབ་གྲྭ།(བདེ་གཡང་སྐྱིད་ཀྱིས་བྲིས།)        2014-01-07

    དུས་ཚོདལགས།
    ཁྱེད་ནི་མིག་གིས་མཐོང་རྒྱུ་མེད་ལ་ལག་པས་རེག་རྒྱུ་དེ་ལས་ཀྱང་མེད།
    འོན་ཀྱང་མི་ཚེའི་རྨི་ལམ་ཐུན་གཅིག་བརྒལ་སོང་།
    ཅི་འདྲའི་ཡ་མཚན་བ་ལའང་།
    དུས་ཚོད་ལགས།
    ཁྱེད་ནི་རྣ་ཡིས་སྒྲ་ཙམ་ཐོས་རྒྱུ་མེད་ལ་སྣ་ཡིས་དྲི་ཙམ་ཡང་མྱོང་རྒྱུ་མེད།
    འོན་ཀྱང་ང་ནི་ན་ཚོད་དར་ལ་སླེབས་ནས་རང་གི་མདུན་ལམ་འཚོལ་སར་ཐོན།
    ངོ་མ་ཡ་མཚན་རེད།
    དུས་ཚོད་ལགས།
    ཁྱེད་ནི་འགྲན་ཟླ་བྲལ་བའི་སྐྱེས་བུ་ཞིག་རེད་ལ།
    ཨུ་ཚུགས་ཅན་གྱི་སྐྱེས་བུ་ཞིག་ཀྱང་རེད་སྙམ་མོ།
    ངས་ནམ་ཡང་ཁྱེད་ལ་བསྟོད་བསྔགས་་དང་གུས་བཀུར་བྱེད་ན་འདོད།
  • ལེ་ཚན་སྔོན་མ།:ཡར་སྐུལ་མེ་ལོང་།
  • ལེ་ཚན་རྗེས་མ།: བརྩེ་དུང་།