ཡར་སྐུལ་མེ་ལོང་།
གཙོས།(དར་ཐོ་ཡིས་བྲིས།) 2014-01-06
མཁས་པའི་ལེགས་ཉེས་ཕྱི་ལ་མ་ལྟ་ནང་གི་རིགས་པའི་ལམ་ལ་ལྟོས།།
དཔེ་ཆའི་ཡག་བཙོག་ཤུབས་ལ་མ་ལྟ་ནང་གི་ཡིག་འབྲུའི་རྒྱུ་ལ་ལྟོས།།
རྩོམ་གྱི་རྒྱུ་སྤུས་ཚིག་ལ་མ་ལྟ་གཞི་གྲུབ་རྩོམ་གྱི་ཁུངས་ལ་ལྟོས།།
རྟག་ཏུ་མེ་ལོང་ནང་དུ་མ་ལྟ་བཅུ་ཕྲག་རིག་པའི་གནས་ལ་ལྟོས།།
བུ་མོའི་མཛེས་སྡུག་གདོང་ལ་མ་ལྟ་ནང་གི་ལྷན་སྐྱེས་གཤིས་ལ་ལྟོས།།
བདེན་རྫུན་དབྱེ་བ་ངོ་སོར་མ་ལྟ་དངོས་ཡིན་གཏམ་གྱི་ཕུགས་ལ་ལྟོས།།
རྒྱུ་ཆེན་དཔོན་གྱི་རྐུབ་ལ་མ་ལྟ་ཉམ་ཆུང་བུ་ཡི་འཛུམ་ལ་ལྟོས།།
རྟག་ཏུ་གཞན་གྱི་སྐྱོན་ལ་མ་ལྟ་རང་གི་ངར་འཛིན་སེམས་ལ་ལྟོས།།
ཕུང་བྱེད་ཕྲ་མའི་གཏམ་ལ་ཉན་བྱམས་ལྡན་ཕ་མའི་ངག་ལ་ཉོན།།
རྒྱུས་མེད་གྲོགས་ཀྱི་ཚིག་ལ་མ་ཉན་སྔོན་སོང་གྲོགས་ཀྱིས་གཤེས་པར་ཉོན།།
འདྲིས་མེད་བུ་མོའི་གཅམ་བུར་མ་ཉན་ཡིད་མཐུན་མཛའ་མོའི་ཡུས་ལ་ཉིན།།
རྟག་ཏུ་གླུ་དང་རོལ་མོར་མ་ཉན་བཤེས་གཉེན་དམ་པའི་བསླབ་བྱར་ཉོན།།
ཕྱི་ལུས་གཞན་ནོར་བརྐུ་ལ་མ་རྒྱུག་ནང་སེམས་ཡ་རབས་རྗེས་ལ་རྒྱུགས།།
ཆང་ཁང་དམར་པོའི་ནང་དུ་མ་རྒྱུག་ཕ་ཁྱིམ་དྲོན་མོའི་ཕྱོགས་སུ་རྒྱུགས།།
འུར་ཟིང་ཆེ་བའི་གྲོང་ལ་མ་རྒྱུག་ཤེས་རིག་སློབ་གྲྭའི་གླིང་དུ་རྒྱུགས།།
རྟག་ཏུ་གཞན་གྱི་རྗེས་སུ་མ་རྒྱུག་རང་གི་མདུན་གྱི་ལམ་ལ་རྒྱུགས།།