ལོ་གསུམ་ཐོར་བུའི་རྔུལ་ཆུ།༼རྒྱལ་མོ་རྔུལ་ཆུའི་ངག་རྒྱུན།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

གནམ་ལྕགས་ངར་མས་གཙང་ཆེན་སྐྱོམ་ལྟར་རླབས་ཟེགས་མཆེད་པས་ལྷ་ལམ་འགེངས།།
འུ་ཐུག་དྲག་པོའི་ང་རོ་སྒྲོག་བཞིན་མདུན་བསྐྱོད་གླུ་སྒྲའི་སྐད་གསེང་མཐོ།།
ཕར་ལམ་གཡུ་འབྲུག་འཁྱུག་པའི་ཟོལ་གྱིས་རི་མཚོ་ཁུག་པའི་ཞིང་ཕྱུགས་སྐྱོང་།།
ཕྱིར་ལམ་དར་ཟབ་ཇ་བག་མཁོ་རྒུ་རྟ་མཆོག་རྨོ་མཛོར་བཀལ་ནས་དྲངས།།
 
རྟ་ཕོའི་རྨིག་ལྕགས་ལམ་རྡོར་འཕྲད་དུས་མེ་སྟག་འུར་སྒྲའི་སྒྲ་དབྱངས་འབྱིན།།
 
ཀྱེ་མ་རྒྱལ་མོ་རྔུལ་ཆུ་ལགས་ཀྱིས་ཁྱོད་ལྟའི་རྒྱུད་སྐུད་བདག་ལ་གནོང་།།
ཁོ་བོས་ཁྱེད་ཀྱི་གནམ་ས་གཡོ་བའི་ལོ་རྒྱུས་སྙན་ཚིག་གྱེར་བཞིན་མཆིས།། 
  • ལེ་ཚན་སྔོན་མ།:སེམས་དཀར་བའི་མེ་ལོང་།༼ཡར་འབྲོག་གཡུ་མཚོར་ཕྱིན་པ།༽
  • ལེ་ཚན་རྗེས་མ།:རི་རབ་དང་ཐང་ཤིང་།