སེམས་དཀར་བའི་མེ་ལོང་།༼ཡར་འབྲོག་གཡུ་མཚོར་ཕྱིན་པ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

གསལ་ཞིང་དྭངས་པའི་མེ་ལོང་འདི་འདྲ་སུ་དང་གང་གིས་མངོན་སུམ་མཐོང་བ་ཡོད།།
སྔོ་བསངས་མཁའ་དབྱིངས་ཉི་ཟླའི་རྒྱུ་ལམ་བསམ་བཞིན་གནས་འདིར་འཕོས་པ་བཞིན་དུ་མཛེས།།
རེ་བཞག་མཚར་སྡུག་རབ་ཏུ་སྟོན་ཞིང་དཀའ་བའི་ལམ་ཚད་རིང་མོ་མངོན་བྱེད་ལ།།
དེ་རིང་སྐྱིད་པའི་དགོད་སྒྲ་དང་ནི་ཁ་སང་སྡུག་གི་མཆི་མའང་ཁྱེད་ལ་སྟོན།།
 
མཚོ་མོའི་འགྲམ་གྱི་ཞིག་རོ་ཟང་ཟིང་བུ་མོར་གཟབ་མཆོར་སྤྲས་བྱེད་མགུལ་རྒྱན་མིན།།
 
རླབས་སྔོན་རྩེ་ན་རྩེན་ཞིང་ལྡིང་བའི་མི་ཚོགས་དེ་དག་ཅི་ཡིན་ཁོ་བོས་རྟོགས།།
གཟན་རྩྭ་གཟན་ཆས་བསྒྲིགས་པའི་རྟར་ཞོན་ལམ་འཁྱོག་ལོ་རྒྱུས་ཤུགས་ཀྱིས་དྲང་པོར་སྲོང་།།
 
  • ལེ་ཚན་སྔོན་མ།:འབྲུག་སྒྲ་དྲག་པོ།༼པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན།༽
  • ལེ་ཚན་རྗེས་མ།:ལོ་གསུམ་ཐོར་བུའི་རྔུལ་ཆུ།༼རྒྱལ་མོ་རྔུལ་ཆུའི་ངག་རྒྱུན།༽