རི་རབ་དང་ཐང་ཤིང་།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

སྔོ་བསང་མཁའ་དབྱིངས་མཐོངས་སུ་ཟུག་པའི་གངས་རིའི་ཐང་ཤིང་སྔོན་མོ་ཁྱེད། །
གྲང་རླུང་བུ་ཡུག་འུར་སྒྲ་རླུང་གིས་རྟག་ཏུ་གཟིར་ཡང་ཉམ་མི་ང་། །
ལོ་དང་ཟླ་བ་དུས་ཚིགས་རེ་རེར་ལྗང་མདོག་ལོ་འདབ་རྒྱས་ཤིང་དར། །
ཚིང་སྟུག་སྟོབས་ཀྱི་གནམ་འདེགས་ངང་ཚུལ་ཁྲི་ཕྲག་བསྐལ་བར་ཉམས་མི་སྲིད།
 
མེས་རྒྱལ་སྟོབས་ལྡན་འགྱུར་བའི་སྔོན་འགྲོ་མི་རིགས་མཐུན་སྒྲིལ་བརྟན་ལ་རེ། །
 
ཤུགས་བསྐྱེད་སྟོབས་སྤེལ་ཡར་ཐོན་རྒྱུན་འཛིན་མི་མཐུན་རླབས་ཟུར་བཟློག་པར་བརྩོན། །
ང་དྲུག་མི་རིགས་བུ་དང་བུ་མོས་ཁྱེད་ཉིད་སྤྱི་གཙུག་རྒྱན་དུ་འཛིན། །
                  ༡༩༧༤  ལོའི་སྟོན་ཁར།
  • ལེ་ཚན་སྔོན་མ།:ལོ་གསུམ་ཐོར་བུའི་རྔུལ་ཆུ།༼རྒྱལ་མོ་རྔུལ་ཆུའི་ངག་རྒྱུན།༽
  • ལེ་ཚན་རྗེས་མ།:ལྷད་མེད་སེམས་སྒྲ་འབྱིན་པའི་པི་ཝང་།༼ཁམས་ཀྱི་ཀ་ཐོག་བྲག་རི།༽