དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 6 ཉིན་དང་། རེས་གཟའ་ཉི་མ་ཡིན།

ཤེལ་གྱི་དྲ་མ།

རེ་རྐང་གླིང་།        2012-02-28

    ཤེལ་གྱི་དྲ་མ།
     གསེར་སྦྲང་ཞིག་སྟེང་ཕྱོགས་ལྷ་ཡུལ་ནས་འཕུར་དེ་བདག་གི་སྤྱན་སྔ་རུ་ཐོན་ནའང
     མེ་ཏོག་ཅིག་དང་འདྲ་བའི་བདག་གི་ཀླད་རུས་ཀྱི་ཚོར་བ
     མགོ་ནས་མཇུག་བར་དུ་རུལ་བར་འགྲོ་གིན་འདུག
    
     གློ་རྡེག་ལ ངས་ཤེལ་གྱི་དྲ་མ་དེའི་སྟེང་གི་ནག་ནོག་དག
     གཙང་མར་བཀྲུ་བའི་ཐབས་ཤེས་ཤིག་རྙེད་བྱུང
    ཐབས་ཤེས་དེས་སྦྲང་མ་དང་ངེད་གཉིས་ཀྱི་སྣང་བརྙན་ཕན་ཚུན་ལ་གསལ་བོར་ བསྟན་པས
     སྦྲང་མ་དེ་གཤོག་རྡེབ་ཅིག་གིས་མཁའ་ལ་འཕུར་ཞིང འགྲོ་ཁ་མར
     ནང་སེམས་ཀྱི་བརྩེ་བ་རེ་ཐག་ཡིན་ན ཕན་ཚུན་ལ་བལྟ་དགོས་དོན་མེད་ཟེར
    
     སྐབས་འདིར་བདག་གིས་འདི་ལྟར་བསམ་བྱུང
     མེ་ཏོག་གི་བརྩི་བཅུད་མ་ཐོབ་པའི་སྦྲང་མ་ཞིག
     ནམ་མཁའི་དབྱིངས་སུ་ལམ་ཐག་ག་ཚོད་ཅིག་ལ་འཕུར་ཐུབ་བམ
  • ལེ་ཚན་སྔོན་མ།:ཆུང་འདྲིས་སྒྲོལ་མ།
  • ལེ་ཚན་རྗེས་མ།:འབོ་གངས་དཀར།