དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 6 ཉིན་དང་། རེས་གཟའ་ཉི་མ་ཡིན།

ཁ་བ་བབས་བྱུང་།

ས་དམར་གྲགས་པ།    བོད་ཀྱི་རྩོམ་རིག་དྲ་བ།    2011-12-06

ཁ་བ་བབས་བྱུང    ཁ་བ་བབས་བྱུང
ཁ་བ་མཚོ་ཁར་བབས་སོང   མཚོ་མོ་གཉིད་ལས་སད་སོང   
མཚོ་མོའི་བརྩེ་བ་ཁ་བས་བསྒུལ་བྱུང
ཁྲུང་ཁྲུང་དཀར་མོ་ཕྱི་ལ་འཕུར་སོང
ཕྱི་མིག་ང་ལ་བཞག་བྱུང     སེམས་པ་རྒྱང་ལ་ཁུར་སོང
 
ཁ་བ་བབས་བྱུང     ཁ་བ་བབས་བྱུང
ཁ་བ་སེམས་ལ་བབས་སོང      སེམས་པ་འཁྱག་པས་བསྡམས་སོང
སེམས་ཀྱི་ན་ཟུག་ཁ་བས་གཡོགས་བྱུང
གངས་ལྷ་མེ་ཏོག་རླུང་གིས་ཁྱེར་སོང
བརྩེ་བ་ང་ལ་བཞག་བྱུང      ལས་དབང་རྒྱང་ལ་ཁྱེར་སོང
  • ལེ་ཚན་སྔོན་མ།:དགེ་ཆོས་དྲན་མགུར།
  • ལེ་ཚན་རྗེས་མ།:འཚོལ་སྙེག