ང་ལ་སང་ཉིན་ཡོད་པས།
ཚེ་རིང་བཟང་མོ། 2016-09-05
ང་ལ་སང་ཉིད་ཡོད་པས། ངས་གངས་རི་མཐོང་སྲིད།
ང་ནི་གངས་རི་དང་འབྲེལ་བའི་ཁ་བ་དེ་ཡིན།
ངས་གངས་རི་ལ་མིག་ཟུང་འཕེན་བཞིན།
ཚེ་སྲོག་གི་མཆོད་མེ་འབུལ་ན་འདོད།
ང་ལ་སང་ཉིན་ཡོད་པས། ངས་གནས་ལུགས་རྟོགས་སྲིད།
ང་ནི་གནས་ལུགས་དང་བར་ཐག་ཉེ་བའི་བུ་མོ་དེ་ཡིན།
ངས་གནས་ལུགས་ལ་བདེན་ཁ་སྟེར་བཞིན།
གསང་གཏམ་གྱི་སྒོ་མོ་འབྱེད་ན་འདོད།
ང་ལ་སང་ཉིན་ཡོད་པས། ངས་སྙིང་གྲོགས་མཐོང་སྲིད།
ང་ནི་སྙིང་གྲོགས་དང་བརྩེ་བ་ཉེ་བའི་སློབ་མ་དེ་ཡིན།
ངས་སྙིང་གྲོགས་ལ་བརྩེ་དུང་བརྗོད་བཞིན།
རིན་ཐང་ཅན་གྱི་རྐང་ལམ་དེ་འཚོལ་ན་འདོད།
ང་ལ་སང་ཉིན་ཡོད་པས། ང་ལ་མང་བོ་ཞིག་ཡོད།