ཕ་རོལ་སྲིད་པའི་རྒྱབ་ལ། །
དབུ་སྐྲ་སྔོན་པོ་འཁྱིལ་ཡོད། །
ནམ་མཁའི་གཤོག་ཡས་མིན་ན། །
ཁྲི་མཚོའི་རླབས་སྒྲ་ཁྲིག་སེ། །
མིག་ལས་བརྒལ་བའི་མེ་ལོང་། །
གནའ་བོའི་མཆི་མ་ཨེ་ཡིན། །
མཛུབ་མོས་སྤྲིན་པ་བསླེས་ནས། །
སྐ་རགས་མཚོ་ལ་དཀྲུ་དུས། །
ཉི་ཟླའི་ཆོམ་སྐད་དཀྲོགས་པ། །
རླུང་གི་ས་ཁྲས་བཟས་ན། །
འོས་ལངས་རྨི་བའི་རྩྭ་ཐང་། །
གནམ་སའི་ཞགས་པ་ཨེ་ཡིན། །