མཚན་མོའི་རྟ་ཁྱི།

སྒོ་ཡོན།        2015-05-06

ཟླ་བ་མདུན་གྱི་ཅོག་ཙེའི་སྒང་ལ་བཞུར།།
ཆང་དུམ་ཁ་ཤས་གཅེར་བུར་གར་ལ་རོལ།།
མཆུ་སྒྲོས་མང་པོས་སྙན་ངག་ཕར་ཚུར་འབྲི།།
སྐྲ་ལོའི་ཁ་དོག་གཞས་ཀྱི་ངར་ལས་མཛེས།།
མིག་ཆུའི་ཧབ་ཆ་ཤེལ་ཕོར་མཁའ་ལ་འཁྱིལ།།
གློག་སྒྲོན་མོག་པོས་འཚོ་བ་མག་མོག་ལབ།།
སྤྲིན་པ་རུམ་ལ་ཞོགས་པའི་དོ་ནུབ་ཀྱེ།།
འཇིག་རྟེན་བདུད་རྩི་ཡིན་པ་མི་གསུང་རོགས།།
  • ལེ་ཚན་སྔོན་མ།:མཚོ་སྔོན་པོའི་ཁ་ལ་སྙན་ངག་ཆགས།
  • ལེ་ཚན་རྗེས་མ།: འཐོར།