འཐོར།

སྒོ་ཡོན།        2015-05-06

ང་ནི་མཚན་གྱི་འུག་པ་ཡིན་ན་བསམ།།
མུན་པའི་ཡུལ་ལྗོངས་གསལ་བའི་སེམས་ལ་ཐོགས།།
ཁེར་རྐྱང་རྣམ་ཤེས་རང་ཉིད་ཙམ་ལ་དབང་།།
ཡར་འགྲོ་མར་འགྲོའི་འཇིག་རྟེན་མོག་པོར་གྱུར།།
གཤོག་སྒྲོ་མི་དགོས་ནམ་མཁའ་ཅི་ལ་མཁོ།།
ཟླ་བས་སོ་ཁམ་བྱས་ཀྱང་འགྱོད་དོན་མེད།།
འདར་འདར་སྐྱོད་པའི་འདབ་ལོ་ཡ་གཅིག་ལ།།
འཆི་བའི་ས་བོན་འདེབས་པ་མཐོང་ཙ་ན།།
སུ་ཞིག་མཚར་སྡུག་མ་ཡིན་མཚན་མར་གནས།།
  • ལེ་ཚན་སྔོན་མ།:མཚན་མོའི་རྟ་ཁྱི།
  • ལེ་ཚན་རྗེས་མ།:མ་ཤི་བར་དུ་སྙན་ངག་འབྲི་ན་འབྲི།