སྙན་ངག་པ་ནམ་ཡང་བཞུད་མི་སྲིད།

བྱང་སྐར།        2010-10-19

སྙན་ངག་པ་བཞུད་སོང
སྦྲང་དཀར་རྩམ་པ་ལྟ་བུའི་སྙན་ངག་དེ་དྲན་ནས་ཨ་མའི་ནུ་ཞོ་ལྟ་བུའི་སྙན་ངག་དེ་དྲན་ནས་ང་ཚོ་འདི་རུ་འཛོམས
དྲི་མ་མེད་པའི་བྱིས་བློ་དེ་དྲན་ནས
རྣམ་པར་དག་པའི་ལྷག་བསམ་དེ་དྲན་ནས་
མཚུངས་པ་མེད་པའི་མི་གཞི་དེ་དྲན་ནས
ང་ཚོ་འདི་རུ་འཛོམས
འདི་རུ་འཛོམས་ཏེ་ཁོང་ལ་མྱ་ངན་ཞུ
སྙན་ངག་པ་བཞུད་མེད
སྙན་ངག་པའི་རྣམ་ཤེས་ཕོ་བྲང་པོ་ཏ་ལའི་དབུ་རྩེ་ན་འཕྱོ
སྙན་ངག་པའི་བཞིན་རས་ལོ་རྒྱུས་ཀྱི་བྲག་ངོར་རང་བྱོན་དུ་བཞུགས
སྙན་ངག་པའི་སྙིང་སྟོབས་བོད་པ་ཕོ་མོ་ཀུན་གྱི་ཁྲག་ལམ་ན་རྒྱུ་སྙན་ངག་པ་བཞུད་མི་སྲིད
ནམ་ཡང་བཞུད་མི་སྲིད།
  • ལེ་ཚན་སྔོན་མ།:མི་བུ།
  • ལེ་ཚན་རྗེས་མ།:ས་མཐའི་སྒྲོལ་མ།