མི་བུ།

འབར་རྡེའུ།        2010-10-19

ཁྱོད་ཀྱི་རུས་རྐང་དེ་ལྕགས་ནག་གི་གླིང་བུ་ཞིག་ཡིན་ནམ།
ཁྱོད་ཀྱི་གླུ་སྐད་ཀྱིས་མེས་པོའི་རྣམ་ཤེས་ཁུར་ཡོད་དམ།
ཁྱོད་ཀྱི་ཟུངས་ཁྲག་དེ་མེ་ཏོག་གི་ཆུ་བོ་ཞིག་ཡིན་ནམ།
ཁྱོད་ཀྱི་ངུ་སྐད་ཀྱིས་བུ་ཚའི་མིག་ཟུང་ཕྱེས་ཡོད་དམ།
ཁྱོད་ནི་ཉི་ཟེར་གྱོན་པའི་བྲག་རི་ཞིག་ཡིན་ནམ།
བྲག་རི་ལྡེབས་ལ་བུ་ཡིག་རང་བྱོན་ཞིག་ཡོད་དམ།
ཁྱོད་ནི་གྲེ་བ་འགགས་པའི་བྱེའུ་ཆུང་ཞིག་ཡིན་ནམ།
འདབ་གཤོག་ཕྲ་མོ་ཁ་ཆར་བུ་ཡུག་གིས་བཀྲུས་སམ།
ཁྱོད་ནི་མངོན་སུམ་མིག་གི་གངས་སེང་དཀར་མོ་ཞིག་ཡིན་ནམ།
ཁྱོད་ནི་མི་ཡི་ཁྲོད་ན་མི་བུ་རང་ཉིད་དེ་ཡིན་ནམ།
ཁྱོད་ནི་བྱིས་པ་མང་པོའི་ནང་གི་བགྲེས་པོ་ཞིག་ཡིན་ནམ།
ཁྱོད་ནི་རྒན་པོ་མང་པོའི་ནང་གི་བྱིས་པ་ཞིག་ཡིན་ནམ།
ཁྱོད་ནི་རྙེད་པར་སླ་བའི་དན་རྟགས་ཤིག་ཡིན་ནམ།
ཁྱོད་ནི་བསླེབ་པར་དཀའ་བའི་ལམ་བུ་ཞིག་ཡིན་ན
  • ལེ་ཚན་སྔོན་མ།:མ་ཡུམ་གངས་ལྗོངས།
  • ལེ་ཚན་རྗེས་མ།:སྙན་ངག་པ་ནམ་ཡང་བཞུད་མི་སྲིད།