འབེལ་གཏམ་སྙིང་གི་གཤོག་སྒྲ།

དབྱངས་སྲས།        2016-06-16

རྒྱལ་ཁའི་ཐོག་བརྩེགས་སུ་འཛེགས་པར།
ཕམ་ཁའི་སྐས་རིམ་མང་པོ་བརྒྱུད་དགོས་ན།
བློ་ཕམ་གྱི་གདན་ལ་སྡོད་དགོས་མེད་ཅིང་།
ཡིད་ཆད་ཀྱི་མལ་དུའང་ཉལ་དོན་མེད།
བདེན་དོན་གྱི་ལྗིད་ཚད་འཇལ་བྱེད་ནི།
ལག་ལེན་གྱི་རྒྱ་མ་ཁོ་ན་ཡིན་ན།
འཚོ་བའི་བྲོ་བ་སྣ་ཚོགས་མི་འཐུང་པར།
ཡོད་ཚད་ལ་ཞེན་པ་ལོག་དོན་ཅི།
ཁ་སང་གི་ཚང་མ་སོང་ཟིན་ན།
དེ་རིང་ནས་འགོ་བརྩམ་ཆོག
ཀྱེ། གྲོགས་པོ་ལགས།
ཁ་སང་གི་སྐྱོ་སྡུག་དེར་མགོ་བོ་མ་སྔས།
དེ་རིང་གི་ཉི་ཟེར་འདི་རུམ་དུ་ཆུགས་དང་།
འབྱུང་འགྱུར་གྱི་འོད་སྟོང་ཁྱེད་ལ་དབང་།
  • ལེ་ཚན་སྔོན་མ།:གཅེས་ཕྲུག་གཉིད་ལས་མ་འདུག་ཕ་བཟང་བུ།
  • ལེ་ཚན་རྗེས་མ།:ཕལ་བའི་གཤིས་སྤྱོད་དང་ཆོས་དད།