བརླན་མ་མྱོང་བའི་ཤ་དྲོད་དེའི་ཆེད་དུ
ངས་འདི་ལྟར་སྟོང་འདང་གི་རྨི་ལམ་བརྩེགས
ང་ཤིན་ཏུ་གྲང་བའི་དུས་སུ
ངས་ཁྱེད་ཀྱི་ཤ་དྲོད་དྲན
ནམ་ཡང་བརླན་མ་མྱོང་བའི་ཁྱེད་ཀྱི་ཤ་དྲོད་དྲན
ལྭ་སྒྲོན་དང་རྒུན་ཆང
རོལ་དབྱངས་དང་ཉལ་ཁྲི་ངས་གྲ་སྒྲིག་བྱས་ཟིན
ཕྱི་རོལ་ན་ཁ་བ་འབབ་བཞིན་འདུག་པའི་སྣང་བས
ངའི་ལུས་པོ་ལ་གྲང་སྣང་སྐྱེས
མལ་ཁྲི་དང་ཁང་ཁྱིམ་སྟོང་པ་ཡིན་པས
ངའི་སེམས་པ་ཤིན་ཏུ་གྲང
ང་ཤིན་ཏུ་གྲང་དུས
ངས་ཁྱེད་ཀྱི་ཤ་དྲོད་དྲན་ཡོང
ནམ་ཡང་བརླན་མ་མྱོང་བའི་ཁྱེད་ཀྱི་ཤ་དྲོད་དྲན