ཁྱོད་དྲན་པའི་རེ་བ།

ཨོ་རྒྱན་དོན་གྲུབ།        2010-12-30

ལྷིང་འཇགས་ཀྱི་ཀློང་དུ་ཁེར་རྐྱང་དུ་ལུས་ཚེ
སྒེའུ་ཁུང་ལས་ཉི་ཟེར་འཕྲོས་པ་དེ
ཁྱོད་ཀྱིས་བདག་ལ་བཅིངས་བའི་བརྩེ་མདངས་དྲོན་མོ་དེ་ཡིན་ན
 
དགུན་གཞུང་གྱི་མཚན་གང་བོར་འཁྱག་པས་བསྡམས་ཀྱང
ཉི་འོད་ཀྱི་དཔུང་དང་འགྲོག་པའི་ཆུ་བོའི་ཤག་སྒྲ་དེ
ཁྱོད་ཀྱི་བདག་ལ་བརྗོད་པའི་སྙིང་གཏམ་གྱི་བཞུར་རྒྱུན་དེ་ཡིན་ན
 
འཇམ་ཞིང་ཁུ་སིམ་པའི་ཉེ་འཁོར་འགྲིམ་ཚེ
སྡོང་རྩེའི་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་དེ
ཁྱོད་ཀྱིས་བླངས་བའི་གླུ་ཚིག་སྣུམ་པོ་དེ་ཡིན་ན
 
སྟོང་སང་སང་གི་ཁང་ཆུང་འདི་རུ
ཁ་པར་གྱི་དྲིལ་བརྡ་སིང་སིང་དུ་གྲགས་པ་དེ
ཁྱོད་ཀྱིས་བདག་ལ་གཏོང་བའི་ཁ་པར་དེ་ཡིན་ན
  • ལེ་ཚན་སྔོན་མ།:ལས་དབང་གི་མཚན་གཞུང་།
  • ལེ་ཚན་རྗེས་མ།:ང་འཕུར་དགོས།