ཡབ་ཡུམ།

སྟག་བློ་བཟང་ཆོས་སྒྲོན།        2016-04-21

དལ་འབྱོར་མི་ལུས་བསྩལ་བའི༎
དྲིན་ཆེན་ཕ་མ་གཉིས་ཀྱིས༎
བུ་མོ་ང་ཡི་ཆེད་དུ༎
དཀའ་ངལ་མང་པོ་མྱོང་ཡོད༎
 
ང་རང་སློབ་གྲྭར་འགྲོ་དུས༎
དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས༎
བུ་མོ་ང་ཡི་ཆེད་དུ༎
དཀའ་ལས་དུ་མ་བརྒྱབ་སོང་༎
 
བཀའ་དྲིན་ཅན་གྱི་ཡབ་ཡུམ༎
འཇིག་རྟེན་འདི་ཡི་སྟེང་ན༎
ང་རང་སྙིང་ནས་དུང་ས༎
ཁྱེད་ལས་གཞན་ཞིག་མ་མཆིས༎
 
བཀའ་དྲིན་ཅན་གྱི་ཡབ་ཡུམ༎
དཀའ་ངལ་འཛེམས་མེད་སྒོ་ནས༎
ང་རང་ཆུང་ནས་བསྐྱངས་བ༎
སྙིང་ནས་བརྗེད་ཐབས་མི་འདུག།
  • ལེ་ཚན་སྔོན་མ།:ང་ཡི་རྒྱུད་དྲུག
  • ལེ་ཚན་རྗེས་མ།:ཆུ་བོར་བསྟོད་པ།