ཆུ་བོར་བསྟོད་པ།

སྟག་བསྟན་འཛིན་ལྷ་མོ།        2016-04-21

གཡུ་འབྲུག་སྔོན་མོ་འཕུར་འདྲ༎
ལ་ལུང་མང་བོ་བརྒལ་ནས།།
འཛམ་གླིང་སྲོག་ལྡན་ཡོངས་ལ།།
གསོན་ཤུགས་སྔར་མེད་བརྟས་སོང་།།
ཆུ་བོ་གཙང་མ་གསེར་རེད།།
ཆུ་བོ་དྭངས་མ་དངུལ་རེད།།
རིན་ཐང་བྲལ་བའི་ནོར་བུ།།
གངས་ཅན་ཡུལ་གྱི་ཆུ་རེད།
ང་ཚོ་བོད་མི་ཡོངས་ཀྱིས།། 
གོམས་གཤིས་བཟང་པོ་བཟུང་སྟེ།།
ཡན་ལག་བརྒྱད་ལྡན་ཆུ་ལ།།  
གྲོན་ཆུང་བསྲི་ཚགས་བྱ་དགོས།
ང་ཚོ་གངས་ཅན་མཐོ་སྒང་།།
ཆུ་བོའི་འབྱུང་ཁུངས་ཡིན་པས།།
ཆུ་ལ་གཙང་སྦྲ་བྱས་ན།།
ཀུན་ལ་ཕན་པ་བསྒྲུབ་ཐུབ།
  • ལེ་ཚན་སྔོན་མ།:ཡབ་ཡུམ།
  • ལེ་ཚན་རྗེས་མ།:སའི་གོ་ལ།