ང་ཡི་རྒྱུད་དྲུག

ལི་སྨད་ཉི་གཞོན་གྱིས་བསྒྱུར།        2016-04-18

ཁྱོད་ནི་ངའི་རྫིང་འགྲམ་གྱི་ངང་བ་སེར་པོ།
ཁྱོད་ནི་ངའི་ཟླ་འོད་འོག་གི་སྙུག་མའི་སླེ་བོ།
ཁྱོད་ནི་ངའི་ཆུང་དུས་ཀྱི་རྨི་ལམ་དང་གཏམ་རྒྱུད།
ཁྱོད་ནི་ང་ཡི་རྒྱུད་དྲུག
ཁྱོད་ནི་ངའི་སྟོན་མཚན་གྱི་སྐར་མ་འོད་ཆེན།
ཁྱོད་ནི་ངའི་སྐྱ་རེངས་ཁྲོད་ཀྱི་ཉི་འོད།
ཁྱོད་ནི་ངའི་སྤུན་ཟླས་གླེང་བའི་མཛའ་མཐུན་གྱི་གླུ་དབྱངས།
ཁྱོད་ནི་ང་ཡི་རྒྱུད་དྲུག
ཁྱོད་ནི་ངའི་སེམས་ཁོང་གི་ཆུང་འདྲིས་བྱམས་པ།
ཁྱོད་ནི་ངའི་ན་བུན་ཁྲོད་ཀྱི་འོད་ཀྱི་མཆོད་རྟེན།
ཁྱོད་ནི་ངའི་མི་ཚེ་ལ་མཛེས་སྡུག་གི་ས་བོན་འདེབས་མཁན།
ཁྱོད་ནི་ང་ཡི་རྒྱུད་དྲུག
ཨོ་་་་་་རྒྱུད་དྲུག་་་་་་ངའི་བརྩེ་ལྡན་གྱི་རྒྱུད་དྲུག
  • ལེ་ཚན་སྔོན་མ།:དཔྱིད་དུས་ཀྱི་རླུང་བུ་དང་དྲན་སྣང་།
  • ལེ་ཚན་རྗེས་མ།:ཡབ་ཡུམ།