དཔྱིད་དུས་ཀྱི་རླུང་བུ་དང་དྲན་སྣང་།

དབུ་ནག་སྲས་མོ།        2016-04-18

རླུང་བུ་དང་དྲན་སྣང་།
མཁའ་དབྱིངས་སུ་མཉམ་དུ་རྩེན་ཞིང་།
ཕྱོགས་ཀུན་ན་མཉམ་དུ་འཕུར།
རླུང་བུའི་འགྱུར་ཁུགས་ཁྲོད་དུ་དྲན་པ་འཁྱུད་ཅིང་།
དྲན་པ་ལ་རླུང་བུས་ཁ་ཕྱོགས་བསྒྱུར།
རང་དབང་མེད་པ་དྲན་པའི་རང་བཞིན།
འདེད་ཤུགས་ཆེ་བ་རླུང་བུའི་ཆོས་ཉིད།
དྲན་སྣང་དང་རླུང་བུའི་ཛ་དྲག་གི་མཉམ་སྡེབ་ཁྲོད་ནས།
འཇིག་རྟེན་ལ་དཔྱིད་དུས་ཀྱི་དྲན་རྟེན་བཞག
དྲན་པ་རླུང་གིས་ཁུར་བའི་ས་སྲོད་དེ་ལ།
འཇིག་རྟེན་ཡང་རླུང་བུའི་ཁ་ཕྱོགས་དང་བསྡོངས་ནས་འཁོར།
དྲན་སྣང་དང་རླུང་བུས།
དཔྱིད་དུས་ཤིག་ལ་སྡོམ་ཚིག་བཀོད་ཅིང་།
དྲན་པ་དང་རླུང་བུས།
དཔྱིད་དུས་ཤིག་ལ་གཏམ་བརྗོད་བཙུགས།
  • ལེ་ཚན་སྔོན་མ།:སྙིང་གི་གྲོགས་མོ།
  • ལེ་ཚན་རྗེས་མ།:ང་ཡི་རྒྱུད་དྲུག