སློབ་དཔོན་བཟང་པོ་གཙུག་ཏུ་བཀུར་དང་གཅིག།
བསླབ་པའི་འབྲས་བུ་ཕུལ་བྱུང་ཡིན་དང་གཉིས།།
སློབ་སྦྱོང་གནས་ལ་ཧུར་བརྩོན་བྱེད་དང་གསུམ།།
ང་ཚོ་མཉམ་དུ་འཛོམས་པའི་ལག་རྗེས་ཡིན།།
དབྱངས་གསལ་སོ་བཞི་ཀློག་པའི་འགན་ཁུར་གཅིག།
ཕ་སྐད་གཙང་མ་བཤད་པའི་དམ་བཅའ་གཉིས།།
སློབ་གྲོགས་འགྲིག་མཐུན་བྱེད་པའི་ཁག་ཐེག་གསུམ།།
ང་ཚོ་མཉམ་དུ་འཛོམས་པའི་ལག་རྗེས་ཡིན།།
རྒན་བཀུར་གཞོན་སྐྱོང་བྱེད་པའི་སྲོལ་བཟང་གཅིག།
གཞན་ཕན་བསམ་པས་སྒྲུབ་པའི་ལག་རྗེས་གཉིས།།
ཀུན་གྱིས་མིག་དཔེར་འོས་པའི་ཀུན་སྤྱོད་གསུམ།།
ང་ཚོ་མཉམ་དུ་འཛོམས་པའི་ལག་རྗེས་ཡིན།།
མ་འོངས་བྱ་བ་བསྒྲུབ་པའི་དམིགས་འབེན་གཅིག།
རང་སྐྱོང་རང་གི་ནུས་པའི་ཁ་ཕྱོགས་གཉིས།།
ཆོལ་གསུམ་གཅིག་གྱུར་ཡོང་བའི་ཐབས་ལམ་གསུམ།།
ང་ཚོ་མཉམ་དུ་འཛོམས་པའི་ལག་རྗེས་ཡིན།།