མིང་མེད།

པེ་དོད་ཀྱིས་བརྩམས། བཏང་སྙོམས་ཀྱིས་བསྒྱུར།        2016-11-14

འཇིག་རྟེན་གྱི་སྐོར་ལ།
ང་ནམ་ཡང་ཆ་རྒྱུས་མེད་པའི་མི་ཞིག་ཡིན།
ངས་ཁོའི་སྐད་ཆ་ཧ་མི་གོ
ཁོས་ང་ཁ་རོག་གེར་སྡོད་པ་ཧ་མི་གོ
ང་ཚོའི་བརྗེ་རེས་ནི།
མཐོང་ཆུང་ཁོ་ན་ཡིན།
དེ་དང་འདྲ་བར་འཕྲད་པ་ནི་མེ་ལོང་གི་ནང་དུ།
རང་ཉིད་ཀྱི་སྐོར་ལ།
ང་ནམ་ཡང་ཆ་རྒྱུས་མེད་པའི་མི་ཞིག་ཡིན།
ང་མུན་པ་ལ་འཇིགས་སྐྲག་སྐྱེས།
ལུས་པོས་བསྒྲིབས་འདུག་པ་ནི།
སྒྲོན་མེ་དེ་གཅིག་པུ་ཡིན།
ང་ཡི་གྲིབ་གཟུགས་ནི་ང་ཡི་དགའ་མ་ཡིན།
སེམས་ནི་དགྲ་ནག་ཡིན།
  • ལེ་ཚན་སྔོན་མ།:མཉམ་འཛོམས།
  • ལེ་ཚན་རྗེས་མ།:ཟླ་བཅུ་བར་མཇལ་ཡོང་།