ཟླ་བཅུ་བར་མཇལ་ཡོང་།

ཇག་ཕྲུག        2016-11-14

སྙིང་ཉེ་ལགས།
ཟླ་དགུ་བའི་ཆར་ཆུ་ཡོད་ཚད།
ང་ཡི་དྲན་གདུང་མཚོན་བྱེད་ཀྱི་མིག་ཆུ་བཞིན།
རྒྱང་རིང་གི་ཁྱོད་ཁོ་ནའི་དོན་དུ།
མཚམས་ཆད་པ་གཏན་ནས་མེད།
དགོང་མོ་དེར་ཁྱོད་ཀྱིས་ང་ལ་ཆེས་མཐའ་མཇུག་གི་འོ་དེ་བྱས་ཤིང་།
ལེ་དབར་གང་མང་བརྒལ་ནས་རྒྱང་རིང་དུ་བྱིན་རྗེས།
གྲིབ་མ་ཁོ་ནས་བདག་གི་འདུག་རོགས་བྱས་ཡོད།
ཕྱིར་དྲན་དག་ཀྱང་ཁྱོད་ཀྱི་ཆ་ཤས་གང་རུང་བཞིན།
དམ་དུ་བསྡམས་ན།  སེམས་པ་དེ་ལྟར་སྡུག་གི
སྙིང་ཉེ་ལགས།
ཟླ་བཅུ་པའི་ཚེས་ཉི་ཤུའི་སྔ་མོར།
ཁྱོད་རང་ཁྲི་འདུ་ནས་དར་མདོ་བརྒྱུད་དེ་དཀར་མཛེས་ལ་ཤོག་དང་།
བདག་གིས་ལྷིང་འཇགས་ཀྱི་གནས་ཤིག་བཙལ་ནས།
ཁྱོད་ལ་ཤ་བཙོ།  ཆང་བཙག
དེ་ནས་གླུ་ལེན།  བྲོ་འཁྲབ།
ད་གཟོད་གཡབ་རེས་བྱེད།
  • ལེ་ཚན་སྔོན་མ།:མིང་མེད།
  • ལེ་ཚན་རྗེས་མ།:དཔྱིད་དཔལ་བསྟོད་པ་གཡས་འཁྱིལ་དུང་གི་རང་སྒྲ།