གལ་སྲིད།

ཇག་ཕྲུག        2016-11-07

ཉལ་སར་ལོག་ཏེ།
བུ་མོ་དེའི་འདྲ་པར་ལ་མཆུ་ཏོ་སྦྱར་ཞིང་།
སྙིང་གཏམ་མང་པོ་ཞིག་སྐུར་གྲབས་བྱེད་དུས།
ཁོ་མོ་ཆང་ཁང་དུ་ཡོད་ཟེར་ན།
ནང་ལྭ་ཕུད་ཏེ།
འཁྲིག་སྦྱོར་གྱི་སྔོན་འགྲོ་མ་ལུས་བརྩམ་ཞིང་།
བླ་བར་དུ་ལག་པ་སྲིང་དུས།
ཁོ་མོ་མེ་ཏོག་མིན་ཟེར་ན།
ཟླ་རྗེས་ལོ་མཐུད་ཏེ།
བརྩེ་བ་དག་གྱང་བརྩིགས་བརྩིགས་བྱས་ཤིང་།
ཞག་གཅིག་གི་ནུབ་མོར།
ཁོ་མོ་སྨད་འཚོང་མ་ཞིག་ཡིན་ཟེར་ན།

  • ལེ་ཚན་སྔོན་མ།:སྒྲོན་མེ་ལགས།
  • ལེ་ཚན་རྗེས་མ།:མཉམ་འཛོམས།