དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།

གདུགས་དཀར་སྐྱབས།        2016-09-12

འགྲོ་ཀུན་གོང་དུ་བཀུར་བའི་དབྱངས་ཅན་མཆོག
དེ་རིང་།   
བདག་གི་བླ་མའི་དུས་ཆེན་རེད།
དེའི་ཕྱིར།   
ཉིད་ཀྱི་ངག་གི་ཤིས་ཚིག་འགའ།
བདག་ལ།   
ཐེངས་གཅིག་གཡར་བར་གུས་ཕྱག་འཚལ།
སློབ་དཔོན་ལགས།
དེ་རིང་ནི།    
ཁྱེད་ཀྱི་དུས་ཆེན་རེད།
ལས་འགན་ལྕི་མོ་ཕྲག་ལས་ཕོབ་དང་།
སེམས་ཚགས་ཀྱི་བསམ་གཞིག་རྨང་ནས་ཉོར་དང་།
དེ་རིང་ནི།      
ཁྱེད་ཀྱི་དུས་ཆེན་རེད།
སློབ་དཔོན་ལགས།
སེམས་དགའ་བས་གླུ་ཞིག་ལོངས་དང་།
ཡིད་བཟི་བས་བྲོ་ཞིག་འཁྲོབ་དང་།
དེ་རིང་ནི།      
ཁྱེད་ཀྱི་དུས་ཆེན་རེད།
སློབ་དཔོན་ལགས།
དེ་རིང་།    
སེམས་དཀར་བའི་ལྷག་བསམ་གྱི་ཆེད་དུ།
གཏིང་ཟབ་པའི་ཡོན་ཏན་དེའི་སླད་དུ།
ངས་ཁྱེད་ལ།    
སེམས་རྣལ་མའི་ཤིས་ཚིག་ཁྱེར་ཡོད།
རྟེན་འབྲེལ་གྱི་ལེགས་སྐྱེས་བསྣམས་ཡོད།
སློབ་དཔོན་ལགས།
ལམ་སྟོན་གྱི་སྒྲོན་མེ།
ལམ་སྟོན་གྱི་སྒྲོན་མེ།

  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:དགེ་རྒན་དམ་པ།