ཁ་བའི་ལྗོངས་ན་འཕྲོ་བ་མཚར་སྡུག་གི་སྟོན་ཁ།།
ག་ཆད་འགན་ལ་བརྗེས་ཤིང་ཤེས་རིག་གི་གང་ག།
ང་ཚོས་རིགས་ལ་ཕུལ་བར་ཡིད་སྨོན་ནི་ཡོང་ང་།།
ཅ་ཅོའི་འདུ་འཛིར་མ་ཆགས་འུར་གཏམ་གྱི་བྲག་ཅ།།
ཆ་མེད་འཕྱོ་བ་མེད་དེ་རིགས་ཞེན་གྱི་དཀར་ཆ།།
ཇ་རེ་ཇོ་རེ་མ་ཡིན་བཅུད་ལྡན་གྱི་རྒྱུན་ཇ།།
ཉ་ལེ་ཉོ་ལེ་མེད་པས་དུས་རབས་ཀྱི་ཕོ་ཉ།།
ཏཱ་རེ་ལྷ་མོས་སྲས་མོ་ཤ་ཚ་ཡི་ཞལ་ཏ།།
ཐ་ནེ་ཐུ་ནེ་མ་ཡིན་སེམས་རྩ་རུ་ཟུག་ཐ།།
ད་ལྟའི་རིགས་ཀྱི་བུ་ལ་རེ་སྨོན་ཞིག་ཡོད་ད།།
ན་ཚོད་འདི་ནས་རྒས་པ་དོན་མེད་ཅིག་མིན་ན།།
པ་སངས་ལྟར་དཀར་ཕན་པའི་གཞན་སེམས་ཤིག་ཡོད་པ།།
ཕ་མ་བུ་བཞིན་བྱམས་པའི་ཤེས་རིག་གི་ཨ་ཕ།།
བ་སྤུ་གཡོ་བའི་ཡིད་རངས་ཚུལ་འཆོས་རང་དོར་བ།།
མ་ལུས་དགྱེས་མཛད་ཤེས་རིག་འོད་སྣང་གི་མ་མ།།
ཙ་རེ་ཙོ་རེའི་ཆ་བྱད་མཚར་དགུ་ཞིག་མེད་ཙ།།
ཚ་གྲང་དཀའ་སྤྱད་བཟོད་པའི་ཨ་ཁུ་ཡི་མོ་ཚ།།
ཛ་སེ་ཛོ་སེ་མ་ཡིན་རང་འདོན་གྱི་ར་ཛ།།
ཝ་རེ་ཝོ་རེའི་ཀུན་སྤྱོད་ནམ་མཁའ་ཡི་ཆུ་ཝ།།
ཞ་ལུ་ཞུ་ལེར་ཉིན་མཚན་བདའ་བ་དེར་བག་ཞ།།
ཟ་ངེ་ཟིང་ངེར་རིགས་དོན་སྐྱོང་བ་དེར་འཚིག་ཟ།།
འ་རེ་འུ་རེར་རང་འགན་འགྲུབ་པ་དེ་མེད་འ།།
ཡ་ལེ་ཡོ་ལེའི་རང་གཤིས་མེད་པ་འདི་རྨད་ཡ།།
ར་བཤད་རགས་བཤད་སྤོང་བའི་རང་བཞིན་ནི་ཡོད་ར།།
ལ་བེ་ལོབ་བེས་སློབ་མ་སྐྱོང་གཤིས་ཤིག་མེད་ལ།།
ཤ་བེ་ཤོབ་བེ་གཏམ་ནི་རྒྱངས་བསྲིངས་ཀི་བྲེད་ཤ།
ས་རེ་སུར་རེར་མི་མཁས་ཤེས་རིག་གི་ཞིང་ས།།
ཧ་ཧ་ཁྱོད་ནི་གྲུ༵་ཆུང་རྒྱ་མཚོའི་ངོགས་ནས་ཧ།།
ཨ་ཨ་འཇིགས་ལས་བདེ་ལེགས་སྒྲོལ་བའི་དཔའ་མོ་ཨ།།
ཧ༵་ཧ་བཅོས་མིན་སེམས་ཀྱི་རང་སྒྲ་ཧི་ཧི་ཧ༵།།
ཨ་ཨ་ཨ་ཅེ་དུས་སྟོན་འཕུལ་བའི་དགེ་ཡིན་ཨ།།