ཤར་ནས་ཉི་འོད་འཕྲོས་དང་ལྷན།།
ང་ཚོ་ཚང་མ་ལམ་དུ་ཆས།།
མུན་པ་འཐིབ་པའི་རི་ཁུག་འདིར།།
འོད་ཀྱི་ལམ་ཞིག་བསྐྲུན་དུ་འགྲོ །
དུས་རབས་འདི་ཡི་ཁུགས་སོ་ནས།།
ང་ཚོ་མ་ཉལ་ཡར་ལ་ལོངས།།
ཀླད་སྟོང་ཡིན་པའི་མི་མང་པོ།།
ཁོར་ཡུག་འདི་ན་ཤི་མ་གསོན།།
རང་ཚོ་སྤོབས་པས་མདུན་དུ་བསྐྱོད།།
མཐུན་སྒྲིལ་ཨ་ལོང་གཅིག་བྱས་ནས།།
སྙིགས་རོས་གང་བའི་ཁྱིམ་གཞིས་དེར།།
གཙང་ཕྱགས་ཐེངས་གཅིག་བྱས་ན་ལེགས།།
ང་ཚོས་ང་ཚོའི་རི་ལུང་དེར།།
ངག་རིག་རི་མོ་གང་མང་དཔར།།
ཡིན་ཡང་རྨོངས་པའི་ལམ་ཁ་ན།།
རང་རིགས་མི་བུ་འཁྱམས་པོ་མང་།།
ངག་རིག་སྨྲ་བའི་དཔུང་ཆེན་འདི།།
རང་སར་མ་འདུག་སྟོབས་ཆེན་པོས།
གཟི་འོད་ཡོད་པའི་ལམ་ཆེན་ཞིག།
འདི་ནས་རྒྱང་ལ་བསྐྲུན་པར་རེམས།།