སློབ་གཉེར་སེམས་ཀྱི་འགྱུར་བ།

སྒྲོལ་མ་སྐྱིད།        2016-08-22

ཀ་ཁ་དབྱངས་སུ་གྱེར་བའི་དུས་སྐབས་སུ།།
ཤེས་བྱ་ཟེར་བའི་མིང་དེ་རྩེད་ཆས་ཙམ།།
དེ་ལྟར་ལོ་ཟླའི་འཁོར་སྐྱོད་འགའ་ཡི་ཁྲོད།།
ཤེས་བྱ་ཟེར་བ་གཏིང་མཐའ་བྲལ་བ་ཤེས།།
གཟུགས་དང་ཕུང་བོའི་འཚར་སྐྱེད་བྱེད་པའི་ཁྲོད།།
ཤེས་བྱའི་གཞུང་ལ་འབད་འདོད་སྣང་བ་སྐྱེས།།
བཤེས་གཉེན་རྣམས་ལ་གུས་པའི་སྣང་བ་སྐྱེས།།
བྱ་བ་འགའ་རེར་དོགས་སློང་བྱས་ན་འདོད།།
དེ་ལྟར་ལང་ཚོ་འཚར་སྐྱེད་བྱེད་པའི་ཁྲོད།།
སློབ་གྲྭའི་འཚོ་བ་ལྷ་ཡུལ་ལས་ཀྱང་སྐྱིད།།
རིག་པའི་གཞུང་ལུགས་རྒྱ་མཚོ་ལས་ཀྱང་ཟབ།།
ང་རང་ནམ་ཡང་མཚོ་དེར་འཇུག་ན་འདོད།།

  • ལེ་ཚན་སྔོན་མ།:ཚོར་བའི་གཏིང་རིམ་ཉུལ་ན།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་ཞོགས་པ།