སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།

ཁྲི་བྱམས་བརྩེ་རྒྱལ།        2016-07-05


དུང་མདོག་ཟླ་བའི་འཛུམ་ཞལ་དཀར་ཞིང་སྒོར།།
སྨན་ཆུང་བུ་མོའི་ཞལ་རས་དེ་བས་སྒོར།།
དཀར་ཞིང་སྒོར་བའི་བུ་མོའི་ཞལ་རས་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།
ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་ཞིང་འཇེབས།།
སྨན་ཆུང་བུ་མོའི་གླུ་སྐད་དེ་བས་སྙན།།
སྙན་ཞིང་འཇེབས་པའི་བུ་མོའི་གླུ་སྐད་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།
རབ་དཀར་གངས་རིའི་བཞིན་དཔལ་དཀར་ཞིང་དྭངས།།
སྨན་ཆུང་བུ་མོའི་ཐུགས་རྒྱུད་དེ་བས་དཀར།།
དཀར་ཞིང་དྭངས་བའི་བུ་མོའི་ཐུགས་རྒྱུད་འདི།།
སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།།

  • ལེ་ཚན་སྔོན་མ།:སྐད་ཡིག་གི་རང་རྣམ།
  • ལེ་ཚན་རྗེས་མ།:འོད་སྟོང་འཕྲོས་པའི་ལོ་ཟླ།