འོད་སྟོང་འཕྲོས་པའི་ལོ་ཟླ།

ཡེ་ཤེས་མགོན་པོ།        2016-07-05


གོ་ལ་ཟླུམ་པོའི་དབང་ཕྱོགས་ཡུལ་ཁམས་སུ།།
ཀྲུང་ཧྭ་རྒྱལ་ཁབ་བརྗིད་ཉམས་མངོན་པ་མཚར།།
མཁས་མཛངས་ཏང་གི་བདེ་སྐྱོང་འཕྲིན་ལས་ཀུན།།
རིས་མེད་འཆར་བའི་ཉི་གཞོན་དཔལ་ལ་འགྲན།།
ཏང་གི་མི་རབས་དང་པོའི་སྙིང་སྟོབས་ཀྱིས།།
མི་སེར་མཐའ་དག་སྡུག་གི་འདམ་ལས་བསྐྱབས།།
ཀྲུང་ཧྭ་རྒྱལ་ཁབ་ས་གཞི་ཡངས་པོ་རུ།།
བདེ་སྐྱིད་བསྐྲུན་པའི་སྲིད་ཇུས་རིས་མེད་བསྟར།།
ཀུན་གསལ་མཁའ་ལ་ཉིན་མོ་མགོན་པོ་བཞིན།།
ཇུས་བཟང་ཏང་གི་རིས་མེད་འཕྲིན་ལས་སྤེལ།།
མུན་པ་འཇོམས་པའི་ནུས་མཐུ་འཛོམས་པ་ལྟར།།
སྡུག་གི་རྣམ་པ་མཐའ་དག་བརླགས་པར་མཛད།།
ཀྲུང་ཧྭ་རྒྱལ་ཁབ་སྐྱེད་ཚལ་ཡངས་པོ་རུ།།
ང་དྲུག་མི་རིགས་མེ་ཏོག་ཕྲེང་བ་མཛེས།།
མཐུན་པའི་བརྩེ་སེམས་བཅངས་པའི་སྙན་འཇེབས་དབྱངས།།
རྐང་དྲུག་སྦྲང་རྩི་མྱོང་བའི་རིགས་སུ་མཐུན།།
བགྲང་བྱ་ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོར།།
སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་འཕྲིན་བཟང་གཏམ།།
ཡངས་པའི་གནམ་བདེ་སྒོ་མོའི་ཐང་ཆེན་ནས།།
གོ་ལ་ཟླུམ་པོའི་ཡུལ་གྲུ་ཀུན་ཏུ་ཁྱབ།།
མཁས་མཛངས་ཏང་གི་མི་རབས་གཉིས་པ་ཡིས།།
བཅོས་བསྒྱུར་སྒོ་འབྱེད་སྲིད་ཇུས་གཏན་ལ་ཕབ།།
འཕེལ་ཁ་དར་བའི་ཐབས་ལམ་ལ་བརྟེན་ནས།།
ཡུལ་འབངས་ཕྱུག་ཏུ་གྱུར་པའི་འཕྲིན་ལས་སྤེལ།།
རབ་འབྱམས་ཀྲུང་ཧྭ་རྒྱལ་ཁབ་ཐང་ཆེན་དུ།།
ཅན་བཞི་བསྐྲུན་པའི་མེ་ཏོག་དགའ་ཚལ་བཞད།།
ཚན་རིག་ལག་རྩལ་སྤེལ་བའི་གྲུབ་འབྲས་ཀུན།།
ཟེའུ་འབྲུ་སྨིན་པའི་དཔལ་གྱི་རིགས་སུ་མཐུན།།
རྨད་བྱུང་སྲིད་ཇུས་འཕྲིན་ལས་བསྟར་བའི་ཁྲོད།།
དཔལ་ཡོན་ཟུང་དུ་སྤེལ་བའི་དགེ་མཚན་འབུམ།།
རྒྱལ་ཁབ་འབྱོར་ཐང་རྒྱས་པའི་ནུས་རྩལ་ཀུན།།
འཛམ་གླིང་ཧྲིལ་པོའི་ཡིད་སྨོན་བྱ་ཡུལ་གྱུར།།
ཏང་གི་མི་རབས་གསུམ་པའི་འགོ་འཛིན་གྱིས།།
སྔར་སྐྱོང་འབྱུང་འགྱུར་སྤེལ་བའི་འཕྲིན་ལས་མཛད།།
ཤང་ཀོང་ཨའོ་མེན་མེས་རྒྱལ་ནང་དུ་ལོག །
ཞབས་འདྲེན་བསགས་པའི་རྣམ་པ་བརླགས་པར་མཛད།།
ནུས་སྟོབས་མཚོན་པའི་རིག་རྩལ་ལ་བརྟེན་ནས།།
འཛམ་གླིང་ཉོ་འཚོང་སྟེགས་བུའི་ཕྱོགས་ལ་འཛེགས།།
ཚན་རིག་རྩེ་གྲ་ཅན་གྱི་འབྲས་བུ་ལས།།
མཁའ་སྐྱོད་འཕུར་མདའ་གྲངས་མེད་འཕེན་པ་རྨད།།
སྲིད་འབྱོར་རིག་གསུམ་དར་བའི་ནུས་མཐུ་ཀུན།།
མཁས་མཛངས་ཏང་གི་མཛད་འཕྲིན་ཉིད་ཀྱི་དྲིན།།
དེར་བརྟེན་བདག་བློ་མཚོན་པའི་རྩོམ་ཐུང་ཉིད།།
སྨྱུག་རྩེས་བཀོད་ནས་རྟེན་འབྲེལ་ཚུལ་དུ་འབུལ།།

  • ལེ་ཚན་སྔོན་མ།:སྟག་ཤར་བུ་ལོའི་སེམས་ཀྱི་མཛེས་རྒྱན་ཡིན།
  • ལེ་ཚན་རྗེས་མ།:འབྲོག་གི་གཞས།