བོད་ཡིག་བོད་པའི་རྒྱན་ཡིན།
གཅན་ཕག་མོའམ་གཅན་བུ་དགའ་སྐྱིད། 2016-05-27
ར་མགོ་ལ་མགོ་མགོ་ཡི་སྐྲ་ཡིན།།
ར་བཏགས་ལ་བཏགས་དཔྲལ་བའི་མིག་ཡིན།།
གསལ་བྱེད་སུམ་ཅུ་ལུས་ཀྱི་ལྭ་ཡིན།།
བོད་ཡིག་བོད་སྐད་བོད་པའི་རྒྱན་ཡིན།།
སུམ་རྟགས་དག་གསུམ་ཁོག་གི་སྙིང་ཡིན།།
སྙན་ངག་མངོན་བརྗོད་ལུས་ཀྱི་ཁྲག་ཡིན།།
སྒྲ་ཚད་གསོ་བཟོ་འགྲོ་བའི་གྲོགས་ཡིན།།
ལྔ་ཟུང་རིག་པ་བོད་པའི་སྲོག་ཡིན།།
སྦྲ་ནག་གྲུ་བཞི་བོད་པའི་ཁྱིམ་ཡིན།།
སྦྲང་དཀར་རྩམ་པ་བོད་པའི་ཟས་ཡིན།།
རྟ་ནོར་ལུག་གསུམ་བོད་པའི་རྒྱུ་ཡིན།།
མདོ་དབུས་མཐོ་སྒང་བོད་པའི་ས་ཡིན།།