མཛེས།

ཚེ་དབང་དཔལ་འབྱོར།        2016-03-16

       མཛེས།

           སྤང་ལྗོངས་སྟེང་ལ་སྤང་རྒྱན་མེ་ཏོག་མཛེས།།
  སྤང་རྒྱན་ཞལ་ཁ་ཕྱེ་དུས་དེ་བས་མཛེས།།
  མི་ཚོགས་ཁྲོད་ནས་དྲིན་ཆེན་ཕ་མ་མཛེས།།
  དྲིན་ཆེན་ཕ་མའི་བཀའ་དྲིན་ལྷག་པར་མཛེས།།
  འཛམ་བུའི་གླིང་དུ་ཁ་བའི་ལྗོངས་དེ་མཛེས།།
  ཁ་བའི་ལྗོངས་ཀྱི་རིག་པའི་གཏེར་དེ་མཛེས།།
  ཤེས་བྱའི་དཀྱིལ་ནས་རང་རིགས་རིག་གནས་མཛེས།།
  བཅུ་ཕྲག་རིག་པའི་སྙིང་པོ་ཤིན་ཏུ་མཛེས།།
  སྐྱེ་བོའི་ཁྲོད་ནས་བོད་མིའི་རིགས་དེ་མཛེས།།
  ཡ་རབས་གུས་ཞབས་བོད་མིའི་སྤྱོད་བཟང་མཛེས།།
  ཆོས་ལུགས་ཁྲོད་ནས་ནང་པའི་ཆོས་དེ་མཛེས།།
  བོད་བརྒྱུད་ནང་བསྟན་སྙིང་པོ་ལྷག་པར་མཛེས།།
  རི་ཚོགས་དཀྱིལ་ནས་ཇོ་མོ་གླང་མ་མཛེས།།
  ཇོ་མོ་གླང་མའི་བརྗིད་ཉམས་ཤིན་ཏུ་མཛེས།།
  དུས་རབས་དཀྱིལ་ནས་ཉེར་གཅིག་དུས་དེ་མཛེས།།
  ཉེར་གཅིག་དུས་སུ་དྲང་བདེན་ཁོ་ན་མཛེས།།

  • ལེ་ཚན་སྔོན་མ།:བསམ་པ་དཀར་པོའི་རང་མདངས།
  • ལེ་ཚན་རྗེས་མ།:དཔྱིད་དཔལ།