བསམ་པ་དཀར་པོའི་རང་མདངས།
ཚེ་སྐྱིད་དབང་མོ། 2016-03-15
སྤྲིན་ནག་བྲལ་བའི་དྲི་མིད་རིག་པའི་བློ།།
འཆད་རྩོད་རྩོམ་པའི་གཞུང་ལུགས་སྨྲ་བའི་རྩལ།།
མིག་དབང་དགའ་སྟོན་ཙམ་མིན་ཞི་དུལ་ངང་།།
དམ་པ་གོང་མའི་ཞལ་གསུང་ཨེ་མ་རྨད།།
གངས་དཀར་རྡུལ་བརྩེགས་ཕྲེང་བའི་སློབ་གྲོགས་དག།
ཤེས་རིག་མཚོ་མོ་འཁྱིལ་བའི་སློབ་གླིང་འདིར།།
ཤེས་བྱའི་རིག་གནས་བདུད་རྩི་མཐོང་འདོད་ན།།
རྣམ་གཡེང་ལེ་ལོ་སྤངས་ཏེ་མདུན་དུ་རྒྱུགས།།
ཕྱུགས་ཟོག་རྗེས་སུ་འབྲངས་ནས་མི་ཚེ་ཟད།།
དབྱངས་གསལ་སོ་བཞི་སྦྱོར་ཀློག་མི་ཤེས་པས།།
ག་དུས་ཡིན་ཡང་དུད་འགྲོ་ཁྱད་མིད་པའི།།
མིངས་པའི་མགོ་བོ་མ་འཁོར་ཡར་ལ་ལྟོས།།
ལྷོ་གླིང་འཛིན་མའི་ཚུལ་གྱི་ཕོ་མོ་རྣམས།།
རང་འདོད་སྤྱི་བདེ་སྤྱོད་པའི་སྐལ་བཟང་འདི།།
འཕྲལ་ཕུགས་གཏན་བདེ་ཐབས་ལམ་བསྙེག་འདོད་ན།།
དམ་པའི་ཆོས་ཀྱི་བདུད་རྩི་བཏུང་བར་བྱ།།
འཕགས་པའི་གདུལ་ཞིང་ཆོལ་གསུམ་སྤུན་མཆེད་རྣམས།།
ཤེས་ཡོན་ཡར་ཟླ་འཕེལ་བའི་དུས་ཚིགས་འདིར།།
ཁ་བའི་སྐྱིད་སྡུག་ལས་དབང་མཐོང་འདོད་ན།།
རང་རིགས་དུངས་པའི་ལ་རྒྱ་སྙིང་ལ་ཆོངས།།