
1. རི་ནོར་བུ་འདྲ་ལེ་རི་མགོ་ལ། ཤིང་ཡར་འཁྲུངས་ཐམས་ཅད་ཐང་དཀར་འཁྲུངས།། ཡར་སྐྱེས་སྐྱེས་རྩེ་མོ་སྒང་དང་མཉམ།། མར་འཁྱིལ་འཁྱིལ་འདབ་ལོ་ས་ལ་འཁྱིལ།།
2.རི་ནོར་བུ་འདྲ་ལེ་རི་སྐེད་ལ།། ཤིང་ཡར་འཁྲུངས་ཐམས་ཅད་ཙན་དན་འཁྲུངས།། ཡར་སྐྱེས་སྐྱེས་རྩེ་མོ་སྒང་དང་མཉམ།། མར་འཁྱིལ་འཁྱིལ་འདབ་ལོ་ས་ལ་འཁྱིལ།།
3.རི་ནོར་བུ་འདྲ་ལེ་རི་མདའ་ལ།། ཤིང་ཡར་འཁྲུངས་ཐམས་ཅད་རྒྱ་ལྕང་འཁྲུངས།། ཡར་སྐྱེས་སྐྱེས་རྩེ་མོ་སྒང་དང་མཉམ།། མར་འཁྱིལ་འཁྱིལ་འདབ་ལོ་ས་ལ་འཁྱིལ།།
4.རི་ནོར་བུ་འདྲ་ལེ་རི་མགོ་ལ།། ཤིང་ཡར་འཁྲུངས་ཐམས་ཅད་ཐང་དཀར་འཁྲུངས།།བྱ་མར་བབས་ཐམས་ཅད་རྨ་བྱ་བབས།།
5.རི་ནོར་བུ་འདྲ་ལེ་རི་སྐེད་ལ།། ཤིང་ཡར་འཁྲུངས་ཐམས་ཅད་ཙན་དན་འཁྲུངས།།བྱ་མར་བབས་ཐམས་ཅད་རྒོད་དཀར་བབས།།
6.རི་ནོར་བུ་འདྲ་ལེ་རི་མདའ་ལ།། ཤིང་ཡར་འཁྲུངས་ཐམས་ཅད་རྒྱ་ལྕང་འཁྲུངས།། བྱ་མར་བབས་ཐམས་ཅད་ཁུ་བྱུག་བབས།།
7.ཨ་སྔོན་གཅིག་སྐོར་གཅིས་སྐོར།། ཨ་སྔོན་བརྒྱ་ཙམ་བསྐོར་མྱོང་།། ཨེ་འདྲ་ས་ཆ་སྐྱིད་པོ།། ག་ས་ག་ལ་མེད་དོ།། རང་ཡུལ་ཡིན་ན་བསམ་བྱུང་།།
8.བྲག་དཀར་གཅིག་སྐོར་གཉིས་སྐོར།། བྲག་དཀར་བརྒྱ་ཙམ་བསྐོར་མྱོང་།།
ཨེ་འདྲ་ས་ཆ་སྐྱིད་པོ།། ག་ས་ག་ལ་མེད་དོ།། རང་ཡུལ་ཡིན་ན་བསམ་བྱུང་།།
9.རྒྱ་གྲོང་གཅིག་སྐོར་གཉིས་སྐོར།། རྒྱ་གྲོང་བརྒྱ་ཙམ་བསྐོར་མྱོང་།། ཨེ་འདྲ་ས་ཆ་སྐྱིད་པོ།། ག་ས་ག་ལ་མེད་དོ།། རང་ཡུལ་ཡིན་ན་བསམ་བྱུང་།།
10.ཨ་འགོ་གངས་ལ་བཅད་པའི་གུར་གུམ་མེ་ཏོག་གཅིག་འཛོམས་ལགས།།
ཨ་སྐེད་སྤང་ལ་བཅད་པའི་སྤང་རྒྱན་མེ་ཏོག་གཉིས་འཛོམས་ལགས།།
ཨ་མདའ་ཆུ་ལ་གནས་པའི་ཆུ་ཤེལ་མེ་ཏོག་གསུམ་འཛོམས་ལགས།།
སྐྱེས་ས་འཁྲུངས་ས་མི་གཅིག་ལ་དང་ལུང་པ་ཁ་ཁ།།
ཨེ་འདྲ་འཛོམས་ས་ཡག་མོ་མཆོད་ཁང་ནང་ལ་འཛོམས་བྱུང་།།
11.ཨ་འགོ་གངས་ལ་བཅད་པའི་ཐང་དཀར་ལོ་མ་ཅིག་འཛོམས་ལགས།།
ཨ་སྐེད་བྲག་ལ་བཅད་པའི་ཙན་དན་ལོ་མ་གཉིས་འཛོམས་ལགས།།
ཨ་མདའ་ཆུ་ལ་བཅད་པའི་རྒྱ་ལྕང་ལོ་མ་གསུམ་འཛོམས་ལགས།།
སྐྱེས་ས་འཁྲུངས་ས་མི་གཅིག་ལ་དང་ལུང་པ་ཁ་ཁ།།
ཨེ་འདྲ་འཛོམས་ས་ཡག་མོ་བསང་སྒམ་ནང་ལ་འཛོམས་བྱུང་།།
12.ཨ་འགོ་གྲོང་ལས་སྐྱེ་པའི་བླ་མའི་བཟང་པོ་གཅིག་འཛོམས་ལགས།།
ཨ་སྐེད་གྲོང་ལས་སྐྱེ་པའི་དཔོན་པོ་བཟང་པོ་གཉིས་འཛོམས་ལགས།།
ཨ་མདའ་གྲོང་ལས་སྐྱེ་པའི་ཨ་མའི་བཟང་པོ་གསུམ་འཛོམས་ལགས།།
སྐྱེས་ས་འཁྲུངས་ས་མི་གཅིག་ལ་དང་ལུང་པ་ཁ་ཁ།།
ཨེ་འདྲ་འཛོམས་ས་ཡག་མོ་བྲོ་ར་ནང་ལ་འཛོམས་བྱུང་།།
13.དང་པོ་གནས་གཅིག་མ་ཆགས་དང་པོ་གནས་གཅིག་ཆགས་ཡོད།།
དང་པོ་གནས་གཅིག་ཆགས་ས་གནས་ཆེན་དཔལ་ཡུལ་ལྷ་སྒང་།།
ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས།།
ཇོ་བོ་མི་འགྲོ་གསུང་འབྱོན་ནང་ལ་ནོར་བུ་བཞུགས།།
ཕྱི་ལ་ལྕགས་རིས་མ་སྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།
མཆོད་རྟེན་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།
14.གཉིས་པ་གནས་གཅིག་མ་ཆགས་གཉིས་པ་གནས་གཅིག་ཆགས།།
གཉིས་པ་གནས་གཅིག་ཆགས་ས་གནས་ཆེན་ཕོ་བྲང་ལྔ་བརྩེགས།།
ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས།།
ཙན་དན་སྦྲུལ་གྱི་སྙིང་པོ་ནང་ལ་ནོར་བུ་བཞུགས།།
ཕྱི་ལ་ལྕགས་རིས་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།
ཤིང་སྣ་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།
15.གསུམ་པ་གནས་གཅིག་མ་ཆགས་གསུམ་པ་གནས་གཅིག་ཆགས་ཡོད།།
གསུམ་པ་གནས་གཅིག་ཆགས་ས་གནས་ཆེན་འབོ་ཡི་གངས་དཀར།།
ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས།།
འཛམ་གླིང་སྲིད་པའི་དར་ལྕོག་ནང་ལ་ནོར་བུ་བཞུགས་ཡོད།།
ཕྱི་ལ་ལྕགས་རིས་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར།།
གངས་དཀར་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།
16.གསེར་རི་གཡང་གི་ཕར་ནང་།། གསེར་གཡས་འཁྱིལ་གཡོན་འཁྱིལ།། ངང་པ་ངང་ཕྲུག་ཁྲིད་ནས།།མཚོ་ལ་ལོ་གསུམ་བསྡད་ཡོད།། མཚོ་ལ་ལོ་གསུམ་བསྡད་ཁར།། ངང་ཕྲུག་རང་མགོ་ཐོན་བྱུང་།། ངང་ཕྲུག་རང་མགོ་ཐོན་ནས།།
སང་ཉིན་འགྲོ་རྒྱུ་ཐོན་སོང་།། ངང་པ་ཨ་མ་ག་ལེ།། ངང་ཕྲུག་རང་མགོ་ཐོན་ཡོད།།
17.དངུལ་རི་གཡང་གི་ཕར་ནང་།། བྲག་དཀར་གཡས་འཁྱིལ་གཡོན་འཁྱིལ།།རྒོད་དཀར་རྒོད་ཕྲུག་ཁྲིད་ནས།། བྲག་ལ་ལོ་གསུམ་བསྡད་ཡོད།། བྲག་ལ་ལོ་གསུམ་བསྡད་ཁར།། རྒོད་ཕྲུག་རང་མགོ་ཐོན་བྱུང་།། རྒོད་ཕྲུག་རང་མགོ་ཐོན་ནས།། སང་ཉིན་འགྲོ་རྒྱུ་ཐོན་སོང་།། རྒོད་དཀར་ཨ་མ་ག་ལེ།། རྒོད་ཕྲུག་རང་མགོ་ཐོན་ཡོད།།
18.གཡུ་རི་གཡང་གི་ཕར་ནང་།། རྒྱ་ལྕང་གཡས་འཁྱིལ་གཡོན་འཁྱིལ།། ཁུ་བྱུག་ཁུ་ཕྲུག་ཁྲིད་ནས།། ལྕང་ལ་ལོ་གསུམ་བསྡད་ཡོད།། ལྕང་ལ་ལོ་གསུམ་བསྡད་
ཁར།ཁུ་ཕྲུག་རང་འགོ་ཐོན་བྱུང་།།ཁུ་ཕྲུག་རང་འགོ་ཐོན་ནས།།སང་ཉིན་འགྲོ་རྒྱུ་ཐོན་སོང་།།ཁུ་བྱུག་ཨ་མ་ག་ལེ།།ཁུ་ཕྲུག་རང་མགོ་ཐོན་ཡོད།།
19.བཀྲ་ཤིས་ལུང་པ་རེ་རེའི་ཁ་ལ།། གསེར་མཚོ་ཡག་མོ་རེ་རེ་འཁྱིལ་སོང་།།གསེར་མཚོ་ཡག་མོ་རེ་རེའི་ཁ་ལ།།གསེར་གྱི་མདའ་དར་རེ་རེ་བཙུགས་ཡོད།། མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
20.བཀྲ་ཤིས་ལུང་པ་རེ་རེའི་ཁ་ལ།། དངུལ་མཚོ་ཡག་མོ་རེ་རེ་འཁྱིལ་ཡོད།།དངུལ་མཚོ་ཡག་མོ་རེ་རེའི་ཁ་ལ།།དངུལ་གྱི་མདའ་དར་རེ་རེ་བཙུགས་ཡོད།།མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
21.བཀྲ་ཤིས་ལུང་པ་རེ་རེའི་ཁ་ལ།།གཡུ་མཚོ་ཡག་མོ་རེ་རེ་འཁྱིལ་སོང་།།གཡུ་མཚོ་ཡག་མོ་རེ་རེའི་ཁ་ལ།།གཡུ་ཡི་མདའ་དར་རེ་རེ་བཙུགས་ཡོད།། མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
22.བཀྲ་ཤིས་ལུང་པ་རེ་རེའི་ཁ་ལ།། གསེར་མཚོ་ཡག་མོ་རེ་རེ་འཁྱིལ་སོང་།། གསེར་མཚོ་ཡག་མོ་རེ་རེའི་ཁ་ལ།། གསེར་གྱི་མདའ་དར་རེ་རེ་བཙུགས་ཡོད།། མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
23.བཀྲ་ཤིས་ལུང་པའི་རེ་རེའི་ཁ་ལ།། དངུལ་མཚོ་ཡག་མོ་རེ་རེ་འཁྱིལ་ཡོད།།དངུལ་མཚོ་ཡག་མོ་རེ་རེའི་ཁ་ལ།།དངུལ་གྱི་མདའ་དར་རེ་རེ་བཙུགས་ཡོད།། མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
24.བཀྲ་ཤིས་ལུང་པ་རེ་རེའི་ཁ་ལ།། གཡུ་མཚོ་ཡག་མོ་རེ་རེ་འཁྱིལ་སོང་།། གཡུ་མཚོ་ཡག་མོ་རེ་རེའི་ཁ་ལ།།
གཡུ་ཡི་མདའ་དར་རེ་རེ་བཙུགས་ཡོད།། མདའ་དར་མཚོ་ནང་མ་ལྷུང་།། མཚོ་ལ་གཡང་རྟེན་རེ་རེ་བཞག་ཡོད།།
25.གཡུ་འབྲུག་སྔོན་མོ་ཨ་སྔོན་དགུང་ལ་གྲག །
བྱང་ཆར་ཡག་མོ་བར་སྣང་མཚམས་ནས་འབབ།།
སྨོན་ལམ་ཡག་མོ་ཨ་འབྲུ་ནས་ལ་ཕོག།
26.རྒོད་དཀར་ཡག་མོ་བྲག་དཀར་སྟེང་ནས་གྲག །
གཤོག་སྒྲོ་ཡག་མོ་བར་སྣང་མཚམས་ནས་རྒྱོང་།།
སྨོན་ལམ་ཡག་མོ་བྲག་དཀར་འདི་ལ་ཕོག།
27. ཁུ་བྱུག་སྔོན་མོ་རྒྱ་ལྕང་རྩེ་ལ་གྲག །
གསུང་སྐད་ཡག་མོ་བར་སྣང་མཚམས་ནས་གཏོང་།།
སྨོན་ལམ་ཡག་མོ་རྒྱ་ལྕང་འདི་ལ་ཕོག།
28.གངས་སྟེང་རྩེ་ལ་ཤྭ་བ་བརྒྱ་རེ་འཛོམས།།
འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན།།
སང་ཕར་ཕྱོགས་འགྲོ་ལམ་ཁ་ཁ་རེད།།
29.བྲག་དཀར་སྟེང་ལ་རྒོད་དཀར་བརྒྱ་རེ་འཛོམས།།
འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན།།
རྒྱབ་གཤོག་སྒྲོ་ལྡིང་ལམ་ཁ་ཁ་རེད།།
30.བྲོ་ར་ཟུར་ལ་མིང་སྲིང་བརྒྱ་རེ་འཛོམས།།
འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན།།
རང་མིང་སྲིང་ཕ་ཡུལ་ཁ་ཁ་རེད།།
31.དགུང་ཨ་སྔོན་མ་འཛོམས་ལོ་གསུམ་རེད།།
གསེར་ཉི་ཟླ་འཛོམས་པ་ད་ལོ་རེད།།
སྐར་སྨིན་དྲུག་འཛོམས་པའི་སྨོན་ལམ་ཤོག།
32.བྲག་དཀར་ཡག་མ་འཛོམས་ལོ་གསུམ་རེད།།
རྒོད་ཐང་དཀར་འཛོམས་པ་ད་ལོ་རེད།།
རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག །
33.གྲོང་རྒྱ་གྲོང་མ་འཛོམས་ལོ་གསུམ་རེད།།
གླུ་མཉམ་དགའ་འཛོམས་པ་ད་ལོ་རེད།།
རང་མིང་སྲིང་འཛོམས་པའི་སྨོན་ལམ་ཤོག།
34.དགུང་ཨ་སྔོན་ལ་མོ་མཐོན་པོ་རེད།།
གསེར་ཉི་ཟླ་ལ་རྒྱབ་འགྲོ་མི་རེད།།
གསེར་ཉི་ཟླ་འགྲོ་ཐལ་མ་བསམ་རོགས།།
སྐར་སྨིན་དྲུག་མི་འགྲོ་ཁག་མེད་རེད།།
35.བྲག་དཀར་ཡག་ལ་མོ་མཐོན་པོ་རེད།།
རྒོད་ཐང་དཀར་ལ་རྒྱབ་འགྲོ་མི་རེད།།
རྒོད་ཐང་དཀར་འགྲོ་ཐལ་མ་བསམ་རོགས།།
རྒྱབ་གཤོག་སྒྲོ་མི་འགྲོ་ཁག་མེད་རེད།།
36.གྲོང་རྒྱ་གྲོང་ལ་མོ་མཐོན་པོ་རེད།།
རང་མིང་སྲིང་ལ་རྒྱབ་འགྲོ་མི་རེད།།
རང་མིང་སྲིང་འགྲོ་ཐལ་མ་བསམ་རོགས།།
གླུ་མཉམ་དགའ་མི་འགྲོ་ཁག་མེད་རེད།།
37.དགུང་ཨ་སྔོན་ལ་མོ་མཐོན་པོ་རེད།།
གསེར་ཉི་ཟླ་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མི་འགྲོ་ཁག་མེད་རེད།།
ཡུན་རིང་པོ་མི་ཐོགས་བསྐོར་ར་སླེབས།།
38.བྲག་དཀར་ཡག་ལ་མོ་མཐོན་པོ་རེད།།
རྒོད་ཐང་དཀར་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མི་འགྲོ་ཁག་མེད་རེད།།
ཡུན་རིང་པོ་མི་ཐོགས་བསྐོར་ར་སླེབས།།
39.གྲོང་རྒྱ་གྲོང་ལ་མོ་མཐོན་པོ་རེད།།
རང་མིང་སྲིང་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མི་འགྲོ་ཁག་མེད་རེད།།
ཡུན་རིང་པོ་མི་ཐོགས་བསྐོར་ར་སླེབས།།
40.དགུང་ཨ་སྔོན་ལ་མོ་མཐོན་པོ་རེད།།
གསེར་ཉི་ཟླ་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མ་འགྲོ་ཟེར་ལེ་མིན།།
ཡུན་རིང་པོ་མི་ཐོགས་བསྐོར་ར་ཤོག།
41.བྲག་དཀར་ཡག་ལ་མོ་མཐོན་པོ་རེད།།
རྒོད་ཐང་དཀར་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མ་འགྲོ་ཟེར་ལེ་མིན།།
ཡུན་རིང་པོ་མི་ཐོགས་བསྐོར་ར་ཤོག
42.གྲོང་རྒྱ་གྲོང་ལ་མོ་མཐོན་པོ་རེད།།
རང་མིང་སྲིང་ལ་རྒྱབ་འགྲོ་མི་རེད།།
དེང་ཐེངས་གཅིག་མ་འགྲོ་ཟེར་ལེ་མིན།།
ཡུན་རིང་པོ་མ་ཐོགས་བསྐོར་ར་ཤོག།
43.ལུང་པ་ཆུང་ཆུང་གསེར་གྱི་ལུང་པ་རེད།།
གསེར་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།
སང་འགྲོ་གནངས་འགྲོ་ཐལ་མ་བསམ་རོགས།།
རྐང་པ་སོར་གསུམ་མི་ཡུལ་ལུང་ལ་བཞག །
རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།
44.ལུང་པ་ཆུང་ཆུང་དངུལ་གྱི་ལུང་པ་རེད།།
དངུལ་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།
སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།
རྐང་པ་སོར་གསུམ་མི་ཡུལ་ལུང་ལ་བཞག།
རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།
45.ལུང་པ་ཆུང་ཆུང་གཡུ་ཡི་ལུང་པ་རེད།།
གཡུ་ཡི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།
སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།
གོམ་པ་སོར་གསུམ་མི་ཡུལ་ལུང་ལ་བཞག།
རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།