སྐད་ཅིག་མའི་འདུ་འབྲལ།

གཞི་ཚང་ཟླ་བ་གྲགས་པ།        2021-04-23

“བཀྲ་ཤིས་བདེ་ལེགས”ཞེས་ལག་འཇུ་བྱེད་དུས།

ཁྱོད་ཀྱི་ལག་མཐིལ་ན་ཤ་དྲོད་རྣ་སྐྱག་ཙམ་ཡང་མི་འདུག

བསིལ་ལ་འཁྱག་པའི་ཚད་ནི།

ཞེ་རྩ་ལྷགས་པས་བསྡོམས་པའི་རྡོ་བ་དང་མཚུངས།

ཟླ་བ་བཅུ་གཉིས་ཀྱིས་གྲུབ་པའི་ལོ་འཁོར་ཧྲིལ་པོ་དེའི་ནང་།

ལག་པ་འཁྱག་པར་གྱུར་པ་ཁོ་ནས་མི་ཚད།

སྐད་ཆ་བཤད་ཤེས་པའི་མིག་ཟུང་ཡང་ལྐུགས་པར་གྱུར།

མིག་གི་རྒྱལ་མོའི་ནང་དུ་མེ་ལོང་ཞིག་དཔྱངས་འདུག

མེ་ལོང་དེའི་ངོགས་ནས།

ཁྲུང་ཁྲུང་ཞིག་ལྷོ་ལ་འཕུར་བའི་གཤོག་འགྱུར་མངོན།

མི་ཁོམ་པའི་གནས་བརྒྱད་ལས་འགོངས་པའི་བྲེལ་

འཚུབ་གྱི་བར་ནས།

རླངས་འཁོར་གྱི་སྒེའུ་ཁུང་ལས།

“སླར་མཇལ”ལས་གཞན་ཅི་ཡང་མ་སྨྲས་པ་དེས།

ང་ལ་སྨྲ་དགོས་པའི་སྐད་ཆ་ཐམས་ཅད།

ཚིག་གཅིག་གིས་སྨྲས་པ་དང་གཉིས་སུ་མེད།



  • ལེ་ཚན་སྔོན་མ།:​རྗེས་དྲན་དད་པའི་མཆོད་སྤྲིན།
  • ལེ་ཚན་རྗེས་མ།:ཡིད་སྨོན་དང་ཞེ་སྡུག