ལྡེའུ་ནག 2021-03-19
མིག་ཆུ་ཉིལ་ཉིལ་དུ་མ་བཞུར་རོགས་མཛེས་པ་སྒོམ་དང་།
འཇིག་རྟེན་འདིར་འུ་ཅག་ལ་འཐོབ་བྱ་གང་ཡང་མེད།
ཡོད་ཚད་སྐད་ཅིག་མའི་ཆ་ཤས་ལས་གྲུབ་ཡོད།
དེ་ནི་འཆི་བ་ཞེས་པའི་ཐ་སྙད་རིན་པོ་ཆེའི་བརྗོད་བྱ་དེ་རེད།
ཞག་ནག་རེ་རེ་སོང་ཡང་འཆི་བར་ཕྱོགས་ཀྱིན་ཡོད།
ཁྱོད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
འཆི་བ་ནི་རླུང་བུ་ཞིག་རེད། འཆི་བ་ནི་འཁྲུལ་སྣང་ཞིག་རེད།
མཛེས་སྡུག་མེད་པའི་འཇིག་རྟེན་འདི་ནས།
ཚེ་སྲོག་ལ་རེ་བ་ཆེན་པོར་མ་འཆང་རོགས།
གུ་ཡངས་ལ་དགའ་བའི་སེམས་ཁམས་ཤིག་འཚོལ་དང་།
མི་ཚོགས་ཀྱི་འཚང་ཁའི་གསེབ་ཀྱི་མེ་ཏོག་ཡ།
སང་ཉིན་ཐོ་རེངས་ཁར་སད་སེར་བཞག་ཡོད་པ་མི་ཚོར་ཞིང་།
ད་དུང་མཛེས་སྡུག་གི་གཟབ་འཆོས་སྤྲས་ཏེ་ཆང་ས་རྒྱག་ན་བསམ།
ཞེན་ཆགས་སྤར་མོ་གང་གི་ས་མཚམས་སུ་ལུས་པ་དེ་དག
བརྩེ་དུང་གི་འདབ་ལོ་སྨིན་པའི་གནས་ཡུལ་ཁོ་ན་ཡིན་སྲིད།
ཡིན་ཡང་འཆི་བས། ཁྱོད་རང་ལ་སྙིང་རྗེ་སྒོམ་མི་སྲིད།
འཆི་བ་ནི་ལས་དབང་གིས་ངེད་ཅག་ལ་གནང་བའི་ཐོབ་པ་ཞིག་སྟེ།
འཆི་བ་ནི་ཡོད་ཚད་གཞི་གཅིག་ཏུ་འདུས་པའི་ཁྲོམ་ཆེན་ཞིག
འཆི་བ་ནི་ལྡོག་ཐབས་མེད་པའི་ལས་རླུང་ཞིག
འཆི་བ་ཨང་འཆི་བ།
རྩོམ་གསར། 10