ཇེང་། 2021-03-15
འཚོ་བའི་གཏིང་ལ་ཟུག་པའི།
དྲོད་ཀྱི་ཞེ་འདང་གི་ཉི་མའི་ཟེགས་མ།
མིག་གི་གཟེབ་ནང་དུ་ཚུད་པའི་མེ་ཏོག།
འཛུམ་འཛུམ་བསྒོམས་མྱོང་བའི་དྲན་ཤིང་གི་བདག་གི་ནམ་མཁའ།
མེ་ལོང་ནང་གི་ཞི་འཇམ་གྱི་འཛུམ་བག།
དྲན་སྙིང་གི་རྒྱ་མཚོའི་མཐའ་ནས།
གོམ་འགྲོས་རྒྱང་རིང་དུ་ཕྱོགས་པའི་མི་ཚེ།
ཞེ་ཚིམ་པའི་དབྱངས་ཀྱི་སྙན་པ་དེ་ངག་ནས་འཁྲོལ།
བདེ་སྡུག་གི་རུམ་ཁ་ནས།
མུ་རུ་བཞད་པའི་ཡིད་འོང་གི་བརྩེ་བ།
ལོ་ཟླ་དང་མཚན་མོ་བགྲང་མེད་གཅིག་གི་མཚེ་ཡ།
བར་ཐག་གཏིང་ཉེ་བའི་བརྩེ་འཇོ་ཁྱོད་ཀྱི་པང་ཁུད་དུ་གྲིལ།
རྩོམ་གསར། 10