གཡུ་ཆུང་ཡེ་རྡོར། 2020-12-21
ཚེ་སྔོན་ལས་ཀྱིས་སྦྲེལ་བའི།།
མཛའ་གཅུགས་ཡིད་ཀྱི་ལྷ་མོ།།
ང་ལ་གནང་བའི་དཀོན་ཅོག།
ཁྱེད་ཉིད་ཡིན་པ་བསྒོམས་ཡོད།།
འཁོར་བ་རི་མོ་ཇི་བཞིན།།
ཚོན་མདོག་སྣ་ལྔས་བྱུགས་རུང་།།
ཁོ་བོའི་མིག་ལ་འཕྲོད་པ།།
ཁྱེད་ཉིད་གཅིག་པུ་ཡིན་སོང་།།
ཁྱེད་དང་ང་ཡི་བར་ཐག།
ལེ་དབར་སྟོང་གིས་བཅད་ཀྱང་།།
སེམས་དང་སེམས་པ་འདྲེས་པས།།
དེ་ཡིས་གཅོད་ཐབས་བྲལ་ལོ།།
ནམ་ཞར་ལས་ལ་བྲེལ་ཡང་།།
ཡིད་ལ་སྒོམ་པའི་ཞལ་རས།།
མཛའ་མོ་ཁྱེད་ཉིད་ཡིན་གཤིས།།
རྟག་ཏུ་ཡིད་ལ་རང་འཁྲུངས།།
ཁྱེད་ནི་སེང་ལྕམ་འབྲུག་མོ།།
གཉིས་སུ་མེད་པར་དྲན་ཡོད།།
ང་ནི་བསོད་ནམས་ཆེ་སྟབས།།
ཁྱེད་དང་ཕྲད་པ་བཟང་ངོ།།
རྩོམ་གསར། 10