བསོད་དར། 2017-09-28
རྩྭ་ཐང་སྟེང་དུ་རྟ་ནོར་མང་ལ་དཀར་དམར་མེ་ཏོག་མགོ་ལྕོག་ལྡེམ། །
ཕྱུགས་རིགས་སྣ་ཚོགས་དགའ་སྤྲོའི་ངང་བཞིན་མེ་ཏོག་དགའ་བའི་རྩེད་བྲོ་ལྡིང་། །
གསེར་མཚོ་དངུལ་མཚོའི་རྩེད་དགའ་འཛིན་ཞིང་ཕྱུགས་རིགས་རྣམས་ཀྱིས་ཕྱོགས་སུ་འཁྱིལ། །
ལུས་ཕྲ་སྒེག་མོས་བྲོ་གར་འཁྲབ་དུས་ཕྱོགས་བཞིའི་མགྲོན་པོ་ལྟད་མོར་ཕེབས། །
སྙན་པའི་མགྲིན་སྒྲ་གླུ་རུ་ལེན་བཞིན་ན་ཆུང་གཞོན་ནུ་རྫི་བོར་བསྐྱོད། །
རྟ་ནོར་ལུག་གིས་རི་ལུང་ཁེངས་ཤིང་ཨ་སྔོན་ནམ་མཁའི་སྐར་ཚོགས་འགྲན། །
ཤིན་ཏུ་སྐྱིད་པའི་ལ་ལུང་ཐམས་ཅད་གཡུ་མདོག་བཞིན་ཏུ་སྣུམ་ཤིག་ཤིག །
དར་ལྕོག་དམར་པོ་རླུང་བུའི་ཁྲོད་ན་རག་བཀྲམ་ལྷ་སྡེ་བརྗིད་སེ་བརྗིད། །
འབྲི་མོའི་འོ་མ་དལ་གྱིས་བཞོ་བཞིན་དགོ་དགོ་ངག་གི་དབྱངས་རྟ་སྙན། །
ན་ཆུང་བྱིས་པ་དགའ་བའི་འཛུལ་ཞལ་ལྷུག་པོར་གྲོལ་བའི་ཨུཏྤལ་བཞིན། །
ན་གཞོན་ཕོ་མོས་སྐྱིད་པའི་གླུ་སྒྲ་གང་སར་ཁྱབ་པའི་གླིང་བུ་སྙན། །
ཕ་ཡུལ་དྲན་པའི་དུང་བ་ཟབ་མོ་གཏན་དུ་འགྱུར་མེད་ལྷུན་པོར་འགྲན། །
རྩོམ་གསར། 10