འཁོན་སྲས་རྣོ་ཟེར། 2017-09-18
ཀ་རྡོ་བཞིན་དུ་བརྟན་དགོས།།
ཁ་བཤད་དོན་ལ་གནས་དགོས།།
ག་ལས་འདི་ལས་ཡོད་དགོས།།
ང་ཚོའི་ལྟ་ས་ཉན་དགོས།།
ཅ་ཅོའི་རྫུན་ཚིག་སྤང་དགོས།།
ཆ་ལུགས་ཆོས་དང་མཐུན་དགོས།།
ཇ་མིན་དུད་ཆང་སྤང་དགོས།།
ཉ་གང་བསྟན་པར་དད་དགོས།།
ཏ་ཀུ་ཐོགས་པ་བཀུར་དགོས།།
ཐ་ཤལ་མི་ངན་འདོར་དགོས།།
ད་ལྟའི་གནས་བབས་ཤེས་དགོས།།
ན་མཉམ་མཐུན་སྒྲིལ་བྱེད་དགོས།།
པ་པིར་སྦྲགས་སྐད་འདོར་དགོས།།
ཕ་སྐད་གཙང་མ་སྦྱང་དགོས།།
བ་གླང་བརྟུལ་ཞུགས་འདོར་དགོས།།
མ་གཞི་མི་གཞི་བཟང་དགོས།།
ཙ་ཙིག་དཀའ་ངལ་བསྲན་དགོས།།
ཚ་ཆས་ཡང་དག་བཙལ་དགོས།།
ཛ་དྲག་སྤྱོད་པ་འདོར་དགོས།།
ཝ་ཁྱུའི་རྙི་ལ་འཛེམ་དགོས།།
ཞ་བོ་ཞ་སྒྲེ་མཐོང་དགོས།།
ཟ་ཟའི་དྲིན་ལན་མཇལ་དགོས།།
འ་ཅག་བློ་སེམས་དཀར་དགོས།།
ཡ་རབས་མི་དང་འགྲོགས་དགོས།།
ར་མིན་ལུག་མིན་སྤང་དགོས།།
ལ་རྒྱའི་དོན་སྙིང་རྟོགས་དགོས།།
ཤ་ཞེན་བོད་ལ་ཡོད་དགོས།།
ས་སྟེང་སེམས་ཅན་བསམ་དགོས།།
ཧ་ཅང་མིག་རྒྱང་རིང་དགོས།།
ཨ་གསར་ཞྭ་མོ་འཕུད་དགོས།།
ཧ་ཅང་རིག་པ་གསལ་དགོས།།
ཨ་མེས་ཕུགས་བསམ་འགྲུབ་དགོས།།
ཧ་མ་ཧོན་ངང་མ་འདུག།
ཨ་ཕའི་རེ་བ་སྟོང་འགྲོ།།
ཧ་ཅང་གྲུང་བོ་མ་འཁྲབ།།
ཨ་རོགས་དཔུང་སྡེར་འགལ་འགྲོ།།
ས་རྩོད་ཆུ་རྩོད་མ་བྱེད།།
ཤ་ཉེ་སྤུན་ཟླ་འཐོར་འགྲོ།།
ལ་བཤད་ལུང་བཤད་མ་མང་།།
ར་སྤྲོད་རང་སྡུག་ཉོས་འགྲོ།།
ཡ་མཚན་ཡིན་མདོག་མ་སྟོན།།
འ་ཅག་མིག་ལ་མི་རན།།
ཟ་འཐུང་ཁོ་ནར་མ་བརྩོན།།
ཞ་ཞིའི་གྲས་སུ་བཞག་འགྲོ།།
ཝ་ལྟར་གཡོ་སྒྱུ་མ་མང་།།
ཛ་དྲག་ལས་ཀྱིས་རྒོལ་འགྲོ།།
ཚ་ཞང་ཕྱོགས་ཞེན་མ་བྱེད།།
ཙ་ཙིག་རང་སྡུག་མྱོང་འགྲོ།།
མ་ཤེས་ཤེས་ཁུལ་མ་བྱེད།།
བ་གླང་གྲས་སུ་རྩིས་འགྲོ།།
ཕ་སྐད་མི་མཁོ་མ་ཟེར།།
པ་ཏྲའི་རིག་གཞུང་ཚར་འགྲོ།།
ན་ཚོད་གཞོན་སྣང་མ་སྐྱེ།།
ད་འཆི་ནམ་འཆི་མི་ཤེས།།
ཐ་མལ་མི་དང་མ་འགྲོགས།།
ཏ་ཐཱའི་བསྟན་པར་འགལ་འགྲོ།།
ཉལ་ནས་ཉི་མ་མ་གཏོང་།།
ཇ་སོགས་ཟ་འཐུང་ཆད་འགྲོ།།
ཆ་བྱད་འདྲ་མིན་མ་བྱེད།།
ཅ་ཅོའི་གཏམ་ངན་བརྗོད་ཡོང་།།
ང་རྒྱལ་ཕྲག་དོག་མ་མང་།།
ག་དག་སེམས་ཁམས་དཀྲུགས་འགྲོ།།
ཁ་བའི་དབྱངས་གསལ་མ་བརྗེད།།
ཀ་ཁའི་བདག་པོ་མིན་འགྲོ།།
རྩོམ་གསར། 10