ཆུ་དང་མར་མེ། དགེ་རྒན་དུས་ཆེན་ལ་ཕུལ།

གངས་བུ།        2017-09-18

ཆར་བའི་དངོས་གྲུབ་སྙིང་ལ་སིམ
ཡིད་ཀྱི་ས་གཞི་བརླན་པ་བྱས
རིག་པའི་མེ་ཏོག་སེམས་ལ་བཞད

ཆར་བ་ཟམ་ཟིམ་བབས་སོང
ཆར་ཆུ་ཐིགས་པ་རེ་རེ
དྲན་པའི་སྣོད་དུ་བསགས་ཏེ
ཡིད་ཀྱི་གཙང་བོ་གྲུབ་སོང

གཙང་བོ་དེ་ཡང་མར་ཁུར་འདྲེས་ཏེ
མར་ཁུ་ཡི་རྒྱ་མཚོ་འཁྱིལ་ཡོད
འོད་ལམ་ལམ་གྱི་རྒྱ་མཚོ་དེ་རུ
དམར་པོ་མེ་ལྕེ་མཆེད་བཞིན་འདུག

འོད་ཀྱི་མར་མེ  མར་མེའི་འོད་སྣང
ཁྱོད་ནི
འོད་སྣང་འཚེར་བའི་ཞོགས་པའི་ཉི་ཟེར་བཞིན
དངུལ་འོད་འཚེར་བའི་ལྷ་ལམ་གྱི་ཟླ་གོར་བཞིན

ཁ་བ་འབབ་པའི་དགུན་གྱི་གྲང་ངད་སེལ་འགྲོ
མུན་ནག་འཐིབས་པའི་ཁོག་གི་རྨོངས་པ་གསལ་འགྲོ

  • ལེ་ཚན་སྔོན་མ།:འགྱོད་བཤགས་ཡི་གེ(ཞར་བཀོད་གཅིག)
  • ལེ་ཚན་རྗེས་མ།:མྱི་སྐད་བཤད་པ།