ལི་སྨད་ཉི་གཞོན། 2017-09-12
ས་སྨྱུག་གི་ལག་ཆ་བཟུང་བའི་དབྱངས་གསལ་གྱི་གདངས་དབྱངས་ཅན།
ལྷག་བསམ་གྱི་བསླབ་བྱ་གནང་བའི་མི་ཚེ་ཡི་ལམ་སྟོན་མཁན།
མགོན་དགེ་བའི་བཤེས་གཉེན།
དེ་རིང་ཁྱེད་ཀྱི་བསླབ་བྱ་དྲན་བཞིན་ཡོད།
དེ་རིང་ཁྱེད་ཀྱི་བཀའ་དྲིན་དྲན་བཞིན་ཡོད།
བྱམས་བརྩེ་ཡི་ཐུགས་གཤིས་འཇམ་པོས་ཡ་རབས་ཀྱི་ལུགས་སྲོལ་བསླབ།
ལྷད་མེད་ཀྱི་སྙིང་གཏམ་རེ་རེས་དྲང་བདེན་གྱི་
ཁ་ཕྱོགས་བསྟན།
རྗེ་སློབ་དཔོན་དམ་པ།
དེ་རིང་ཁྱེད་ལ་ཁ་བཏགས་དཀར་པོ་འཐེན།
དེ་རིང་ཁྱེད་ལ་བཀྲ་ཤིས་སྨོན་ཚིག་འབུལ།
རྩོམ་གསར། 10