བར་ཐག

ཇག་ཕྲུག(དཀར་མཛེས)        2017-09-06

ང་རང་ཁྱོད་ཀྱི་གཞུག་ནས།

ནག་ནག་གི་རྐང་རྗེས་ཡོད་ཚད་བསུབ་ཞོར་འོང་།

ཁྱོད་རང་མགྱོགས་དྲགས་པས།

རྐང་རྗེན་དུ་ལུས་པའི་ང་ནི།

ཐག་རིང་ཐག་རིང་ནས་ལྷག

 

ང་རང་ཁྱོད་ཀྱི་མདུན་ནས།

བརྩེ་བའི་མེ་ཏོག་གི་ས་བོན་འདེབས་ཞོར་སོང་།

ཁྱོད་རང་དལ་དྲགས་པས།

དགུན་གཞུང་དུ་ལུས་པའི་ཁྱོད་ནི།

ཐག་རིང་ཐག་རིང་ནས་ལྷག

 

དབྱར་ཁ་དང་སྟོན་ཀའི་བར་ཐག་ཧ་ཅང་ཉེ་ནའང་།

དེ་གཉིས་དུས་གཅིག་ལ་སླེབས་དུས་ཡོད་མི་སྲིད།

ནམ་ཞིག་ཁྱོད་ཀྱི་འཇིག་རྟེན་ལ་དུས་ཚིགས་གཅིག་མ་གཏོགས་མེད་དུས།

དེ་ནི་དབྱར་ཁ་ཁོ་ན་ཡིན་པར་སྨོན།

མྱུ་གུ་དང་སྡོང་ལོ།

ཁ་བ་དག་ལ་འབྲེལ་བ་ཡོད་པའི་མང་པོ་མང་པོ་ཞིག

ཁྱོད་ཀྱིས་བློས་གཏོང་ཡོད་དགོས།


  • ལེ་ཚན་སྔོན་མ།:རང་ལ་གནང་བའི་སྙན་ངག
  • ལེ་ཚན་རྗེས་མ།:ལམ་སྟོན་མཆོག་ལ་སྙིང་ནས་བསྟོད།