བ་རོང.སྐུ་འབུམ་སྐྱབས། 2017-06-21
མེ་ཏོག་སྣ་མང་སྤང་ལྗོངས་ཁྲོད་ན་འཛུམ། །
རྐང་དྲུག་སྦྲང་མ་དགའ་བས་ཡོངས་སུ་མྱོས། །
སྤྲིན་གྱི་མེ་ཏོག་ས་འཛིན་ལྟེ་བར་འཐོར། །
དུས་བཞིའི་དབྱར་གྱི་འཚོ་བ་འདི་རྨད་དོ། །
འབྲུ་དྲུག་ཞིང་གི་ལོ་མའི་མགོ་བོ་ལྡེམ། །
ཞིང་པ་རྒན་པོ་དགའ་བའི་འཛུམ་གྱིས་གང་། །
འབྲུ་རིགས་སྣ་ཚོགས་ཁྱིམ་གྱི་མཛོད་དུ་སྤུངས། །
དུས་བཞིའི་སྟོན་གྱི་འཚོ་བ་འདི་རྨད་དོ། །
རི་ལུང་ཀུན་ཏུ་སྨུག་པ་ལང་ལོང་གཡོ། །
རྩི་ཤིང་ནགས་ཚལ་སོགས་ལ་གསོན་ཤུགས་རྒྱས། །
རྐང་གཉིས་སྲོག་ཆགས་འཚོ་བའི་ལས་ལ་བྲེལ། །
དུས་བཞིའི་དཔྱིད་ཀྱི་འཚོ་བ་འདི་རྨད་དོ། །
གཙང་ཆབ་སྔོན་མོ་འཁྱག་རོམ་སྦུབས་སུ་ཞུགས། །
ལྷབ་ལྷུབ་ཁ་བས་གྲང་ངར་མགྲོན་དུ་བསུས། །
ཨུག་ཆོའི་མེ་ཏོག་མཐོ་སྒང་རི་ནས་དགོད། །
དུས་བཞིའི་དགུན་གྱི་འཚོ་བ་འདི་རྨད་དོ། །
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ