སྦྲ་དུངས་སེམས། 2017-06-19
བསམ་གྱིན་བསམ་གྱིན།
ཨ་ཕ་ནི།
གནམ་རེད་བསམ་སོང་།
བསམ་གྱིན་བསམ་གྱིན།
ཨ་ཕ་ནི།
ཉི་མ་རེད་བསམ་སོང་།
བསམ་གཞིག་བྱོས་དང་།
ངས་འདི་ལྟར་བཤད་ན།
ཁྱོད་ཅག་དགོད་སྤྲོའམ།
ང་འཁྲུལ་འདུག་བསམ་ཨེ་ཡོད།
ཡང་བསྐྱར།
བསམ་གཞིག་གི་གླིང་གར་ཕེབས་དང་།
ཨ་ཕའི་སྙིང་སྟོབས།
ནམ་མཁའ་རེད།
ཨ་ཕའི་སྤོབས་པ།
ཉི་མ་རེད།
ཨ་ཕའི་སྙིང་སྟོབས་ཀློང་།
སྐར་ཚོགས་ཀྱི་མེ་ཏོག་བཀྲ་ཡོད།
ཉི་ཟླའི་འཛུམ་མདངས་རྒྱས་ཡོད།
ཨ་ཕའི་སྤོབས་པ་གླིང་ན།
མུན་ནག་ལ་འཐབ་ཡ་བཟུང་ཡོད།
འཇིག་རྟེན་ལ་སྒྲོན་མེ་སྦར་ཡོད།
རྒྱུ་མཚན་དེས།
ངས་ཨ་ཕ་ལ།
གནམ་ཞེས་འབོད་ཀྱིན་ཡོད།
ངས་ཨ་ཕ་ལ།
ཉི་མ་ཞེས་འབོད་ཀྱིན་ཡོད།
རྩོམ་གསར། 10