ཡུམ་བུ་བླ་མཁར།

ཁྱུང་གཤོག        2020-04-17

ཡར་ལུང་ནི་ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་ཡིན་པར་ཆ་བཞག་ན།

ཁྱེད་ནི། ཤོག་མགོར་གསལ་བའི་གསེར་བྲིས་དབུ་ཁྱུད་དེ་ཡིན།

ཡར་ལུང་ནི་མེས་པོ་དག་གི་མཚེར་ས་གོར་མོ་དེ་ཡིན་ན།

ཁྱེད་ནི། མངའ་ཐང་གི་གཞི་ཁྱོན་མཐའ་རུ་བསྐྱེད་བྱེད་

ཀྱི་གདུང་འདེགས་ཀ་བ་དེ་ཡིན།


ང་ཤམ་ཆུའི་འགྲམ་དུ་ཁེར་རྐྱང་ངང་བསྡད་དེ།

རྒྱུས་ཡོད་ལྟར་སྣང་བའི་ཡར་ལུང་གི་ནམ་མཁར་ཡང་

ཡང་ཅེར།

ཡུ་མོའི་བརླ་སྟེང་ན་འགྱིང་བའི་ཁེར་རྐྱང་གི་ཁྱེད་ལ་ཡང་

ཡང་ཅེར།

ཡུད་ཙམ་རིང་ཁྱེད་ཀྱིས་འདས་མ་ད་གསུམ་ལ་མནོ་

བསམ་བཏང་།

མིག་ཟུང་མ་བཙུམ་པའི་སྔ་རོལ་དུ།

ང་ཚོ་གང་དུ་འགྲོ་དགོས་པར་ཡང་བསམ་བློ་བཏང་།


ད་ལྟའི་ཁྱེད་ཀྱིས་ཞི་དུལ་གྱི་གཡེར་དྲིལ་སིལ་སིལ་

དཀྲོལ་བཞིན།

ཕྱག་མཛུབ་གནམ་ལ་གེར་བའི་མི་ཆེན་ཞིག་གི་གདུང་རབས་

རེ་རེ་དྲན་གྱིན་ཡོད་དམ།

དམག་རྟ་ཁྲི་ཕྲག་གི་འཚེར་སྐད་འདི་ནས་མཆེད་མགོ་

བརྩམས་པ་དྲན་གྱིན་ཡོད་དམ།

འདུ་ཤེས་ཀྱི་ཕྲ་ཕུང་དོག་པའི་ངས་ད་ལྟའི་ཁྱེད་རང་རྙེད་

ཀྱིན་མི་འདུག

ཟང་ཟིང་གིས་བསླུས་པའི་ངས་ད་ལྟའི་ཁྱེད་རང་མཐོང་

གིན་མི་འདུག


ང་རང་རྒྱང་དུ་མ་གྱེས་གོང་།

ཁྱེད་ཀྱི་རྒྱ་ཕིབས་ལ་ཆར་རླུང་གིས་ཡང་ཡང་རྡེག་པ་མཐོང་།

  • ལེ་ཚན་སྔོན་མ།:​ངག་བཅད་པའི་ལོ་ཟླ།
  • ལེ་ཚན་རྗེས་མ།:གཡུ་སྦྲང་སྔོན་མོའི་དབྱངས་རྟ།